ལྷ་སའི་གོང་དཀར་རྒྱལ་སྤྱིའི་འབབ་ཐང་གི་གནམ་གྲུ་སྒུག་ཁུལ་གསར་པའི་བསྒྱུར་བཟོ་རྒྱས་སྐྲུན་ལས་གཞི་དུས་སང་མཇུག་སྒྲིལ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཁྱོན་མ་དངུལ་སྒོར་དུང་ཕྱུར ༣༩.༠༧ བཏང་བ་དང་སྤྱི་ལོ ༢༠༡༧ ལོའི་ལོ་མཇུག་ཏུ་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པའི་ལྷ་སའི་གོང་དཀར་རྒྱལ་སྤྱིའི་འབབ་ཐང་གི་གནམ་གྲུ་སྒུག་ཁུལ་གསར་པའི་བསྒྱུར་བཟོ་རྒྱས་སྐྲུན་ལས་གཞི་དེ་དུས་སང་མཇུག་སྒྲིལ་རྒྱུ་རེད།  དེའི་ནང་གསར་དུ་སྐྲུན་པའི་གནམ་གྲུ་སྒུག་ཁུལ་གསར་པའི་ཐོག་ཁང་དང་ཟོག་འདྲེན་ས་ཚིགས།  མེ་ཟོན་རོགས་སྐྱོབ་སོགས་རྟ་སྒ་ཆ་འགྲིག་གི་སྒྲིག་བཀོད་ཚུད་ཡོད།

ལྷ་སའི་གོང་དཀར་རྒྱལ་སྤྱིའི་འབབ་ཐང་དེ་སྤྱི་ལོ ༡༩༦༦ ལོར་དངོས་སུ་བེད་སྤྱོད་བཏང་ཚུན།  རྒྱལ་ཁབ་ཕྱི་ནང་དུ་མཁའ་འགྲུལ་ལམ་ཐིག ༧༤ བཏོད་ཡོད་པ་དང་།  ད་ཐེངས་འབབ་ཐང་གི་བསྒྱུར་བཟོ་རྒྱས་སྐྲུན་ལས་གཞི་དེ་ལེགས་སྒྲུབ་ཟིན་རྗེས།  སྤྱི་ལོ ༢༠༢༥ ལོར་སླེབས་སྐབས་འགྲུལ་པ་མི་ཐེངས་ཁྲི ༩༠༠ སྐྱེལ་འདྲེན་ཐུབ་པ་དང་དངོས་ཟོག་ཀྲོན་ཁྲི ༨ དབོར་འདྲེན་ཐུབ་པ་བྱེད་རྒྱུའི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]