ནག་ཆུ་གྲོང་ཁྱེར་ཤག་ཆུ་གྲོང་རྡལ་གྱི་མང་ཚོགས་རིག་གནས་བྱེད་སྒོ་ལྟེ་གནས་སྤྱོད་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀོང་ཏུང་ཞིང་ཆེན་ཀྲུའུ་ཧེའི་གྲོང་ཁྱེར་གྱིས་ཁྱོན་མ་དངུལ་སྒོར་ཁྲི ༣༠༠༠ བཏང་ནས་བསྐྲུན་རོགས་བྱས་པའི་འགྲེམས་སྟོན་དང་དཔེ་དེབ་བལྟ་ཀློག  རྩལ་ནུས་སྦྱོང་བརྡར།  རིག་རྩལ་འཁྲབ་སྟོན།  རིག་གནས་ལུས་རྩལ་རོལ་རྩེད།  ལུས་སྦྱོང་སྤྲོ་གསེང་སོགས་ཀྱི་བྱེད་ནུས་ལྡན་པའི་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྱི་མང་ཚོགས་རིག་གནས་བྱེད་སྒོ་ལྟེ་གནས་སྤྱི་ཟླ ༡༠ པའི་ཚེས ༡༢ ཉིན་བེད་སྤྱོད་བྱེད་འགོ་ཚུགས་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ཀྱིས་རྟེན་འབྲེལ་འཕྲིན་ཡིག་བསྲིངས་གནང་བ་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་མཛད་སྒོར་ཞུགས་པ་མ་ཟད་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱང་ཡང་གནང་ཞིང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ལྷན་དུ་མཛད་སྒོར་ཞུགས་ཡོད།  ཀོང་ཏུང་ཞིང་ཆེན་ཀྲུའུ་ཧེའི་གྲོང་ཁྱེར་ཏང་ཨུད་ཀྱི་རྒྱུན་ཨུད། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀོའོ་ཚེའི་ཝུ་ཡིས་རོགས་སྐྲུན་གནས་ཚུལ་ངོ་སྤྲོད་གནང་ཞིང་།  ནག་ཆུ་གྲོང་ཨུད་དང་འབྲི་རུ་རྫོང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་ཤག་ཆུ་གྲོང་རྡལ་མང་ཚོགས་ཀྱི་འཐུས་མིས་གཏམ་བཤད་གནང་ཡོད།

རྟེན་འབྲེལ་འཕྲིན་ཡིག་ནང་།  བྱེད་སྒོ་ལྟེ་གནས་དེ་ཏང་གི་གཞི་རིམ་དྲིལ་བསྒྲགས་སློབ་གསོའི་རྟེན་གཞིར་འགྱུར་བ་བྱས་ཏེ།  ན་གཞོན་མི་རབས་ཚོར་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་གང་ནས་བྱུང་མིན་ཤེས་པ་བྱ་རྒྱུ་དང་།  བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་རྒྱུར་སློབ་གསོ་གཏོང་དགོས་པ།  དུས་གཏན་ངང་སྣེ་མང་ཕུན་སུམ་ཚོགས་པའི་རིག་གནས་འགྲེམས་སྟོན་དང་རིག་རྩལ་བྱེད་སྒོ་གཉེར་དགོས་པ་དང་།  འབྲོག་པ་མང་ཚོགས་ཚོར་རྒྱུན་ཆད་མེད་པར་བསམ་བློར་བཅིངས་འགྲོལ་དང་ལྟ་བར་འགྱུར་ལྡོག་བཏང་ནས།  སྲོལ་རྒྱུན་རིག་གནས་དང་དེང་རབས་ཤེས་དཔལ་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱས་ཏེ།  དེང་རབས་འཚོ་བའི་ནང་མཉམ་འདྲེས་ཐུབ་རྒྱུར་ཁྲིད་སྟོན་བྱེད་དགོས་པ།  བྱེད་སྒོ་ལྟེ་གནས་དེའི་སྤྱི་ཚོགས་ཀྱི་ཕན་འབྲས་ཆེ་ཤོས་ཐོན་པ་བྱས་ཏེ།  ཤག་ཆུ་གྲོང་རྡལ་གྱི་མང་ཚོགས་ཚོར་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་བསྒྱུར་བཅོས་གོང་འཕེལ་གྱི་གྲུབ་འབྲས་མཉམ་རོལ་ཐུབ་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]