རང་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་པའི་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་ལྗོངས་སྲིད་གཞུང་དབང་པོ་སྐྱོན་ཅན་ལས་དོན་ཨུ་ལྷན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས།  དབང་པོ་སྐྱོན་ཅན་པའི་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་འབྲེལ་ཡོད་ལས་ཀ་བཀོད་སྒྲིག་གནང་བ་རེད། 
ནོར་བུ་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ནས་ད་བར་དབང་པོ་སྐྱོན་ཅན་པའི་བྱ་གཞག་གོང་འཕེལ་ལ་མཐོང་ཆེན་བྱེད་པ་དང་།  དབང་པོ་སྐྱོན་ཅན་པའི་ལས་དོན་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས།  དབང་པོ་སྐྱོན་ཅན་པའི་ལས་ཞུགས་དང་ཁེ་དབང་འགན་སྲུང༌།  འཚོ་བ་འགན་སྲུང༌།  དྲག་སྐྱེས་སྨན་བཅོས།  སྤྱི་པའི་ཞབས་ཞུ་བཅས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད། 
ནོར་བུ་དོན་གྲུབ་ཀྱིས་ལྗོངས་ཡོངས་སུ་རིམ་ཁག་ཚན་པས་ཐོག་མཐའ་བར་གསུམ་དུ་དབང་པོ་སྐྱོན་ཅན་པ་བདེ་སྡོད་ལས་ཞེན་ཡོང་བ་དང་།  ཟས་གོས་ལ་སེམས་ཕྲལ་མེད་པར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་དམིགས་ཡུལ་དུ་བྱས་ཏེ།  དབང་པོ་སྐྱོན་ཅན་པའི་ལས་དོན་ཡག་པོ་སྒྲུབ་པའི་འགན་སེམས་སྔར་བས་ཆེ་རུ་བཏང་ཐོག  དབང་པོ་སྐྱོན་ཅན་པའི་བྱ་གཞག་གོང་འཕེལ་གཏོང་རྒྱུ་དེ་ཉིན་རེའི་ལས་རིམ་གལ་ཆེན་ནང་བཅུག་ནས།  རྒྱ་ཆེའི་དབང་པོ་སྐྱོན་ཅན་པའི་ཐོབ་སྣང་དང་སྐྱིད་སྣང༌།  བདེ་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།། 
  
  
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]