ཏིང་གཡས་ཤན་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྨང་གཞི་རྒྱུན་མཐུད་བརྟན་པོ་འཛུགས་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་གཡས་ཤན་གྱིས།  རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་རུ་ཕེབས་ཏེ།  གྲོང་ཁྱེར༼ ས་ཁུལ ༽ཁག་དང་རྫོང་༼ ཆུས ༽ཁག་ཅིག་གི་བདེ་འཇགས་དང་བརྟན་ལྷིང་ལས་དོན་སྤེལ་ཚུལ་ཐད་ཟུར་འཐེན་ཞིབ་བཤེར་དང་བཀོད་གཏོང་གནང་བ་མ་ཟད་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

ཏིང་གཡས་ཤན་ནས་གྲོང་ཁྱེར༼ ས་ཁུལ ༽ཁག་དང་རིམ་ཁག་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྡོད་བྱའི་བཀོད་སྒྲིག་ཆ་ཚང་བ་དང་བྱ་ཐབས་དོན་འཁྱོལ་ནུས་ལྡན་བྱས་ཏེ།  ལྗོངས་ཡོངས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་འགན་སྲུང་བྱས་པའི་ལས་ཀའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་སྦྲགས།  རིམ་ཁག་ཚན་པ་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་རྙོག་འཛིང་ཆེ་ལ་འགྱུར་བ་མང་བའི་རྒྱལ་ཕྱི་རྒྱལ་ནང་གི་དུས་བབ་ལ་ངོས་འཛིན་གསལ་པོ་བྱས་ཏེ།  དུས་དང་རྣམ་པ་ཀུན་དུ་དོགས་ཟོན་ཆེར་སྐྱེད་ངང་འགན་འཁུར་ཕོད་པ་དང་རང་འགུལ་དོན་གཉེར་ཐོག་བརྟན་ལྷིང་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་མཛུབ་སྟོན་གནང་བ་རེད།

ཏིང་གཡས་ཤན་ནས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ངང་འགོག་སྲུང་ཚོད་འཛིན་བྱ་ཐབས་ཞིབ་ཕྲ་བཟོ་བ་དང་ཕུགས་ཕན་ལམ་སྲོལ་འཐུས་ཚང་བཟོས་ནས།  ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་དམ་པོར་བཟུང་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྨང་གཞི་རྒྱུན་མཐུད་བརྟན་པོ་འཛུགས་དགོས་པའི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]