ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཧྥ་རན་སིར་འཚམ་འདྲི་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སྤྱི་ཟླ་བཅུ་པའི་ཚེས ༡༤ ཉིན་ནས་ཚེས ༡༧ ཉིན་བར་ཧྥ་རན་སིར་འཚམ་འདྲི་གནང་བ་རེད།  འཚམ་འདྲི་གནང་རིང་སྤེལ་རེས་ཚོགས་པས་ཧྥ་རན་སིའི་གྲོས་ཚོགས་ཁང་གོང་མ་དང་རྒྱལ་དམངས་གྲོས་ཚོགས་ཁང་གི་གྲོས་མི་ཁག་ཅིག་དང་སྤེལ་རེས་གནང་བ་དང་།  དེ་བཞིན་ཡོ་རོབ་ཨུ་ཡོན་ལྷན་ཁང་སོགས་ཚན་པར་འཚམ་འདྲི་གནང་བ་མ་ཟད།  ས་གནས་དེ་གའི་སྨྱན་སྦྱོར་ཚན་པ་ཁག་གི་གསར་འགོད་པའི་བཅར་འདྲི་ཡང་དང་ལེན་ཞུས་པ་རེད། 
བོད་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེ་མོ་འཇིགས་མེད་དབང་མཚོས་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་དེའི་ཚོགས་གཙོའི་འགན་འཁུར་ཡོད་པ་དང་།  ཁོངས་མིའི་ཁྲོད་དུ་པེ་ཅིང་དང་བོད་ནས་ཡོང་བའི་ལས་བྱེད་པ་དང་བོད་རིག་པའི་རིགས་གཅིག་མཁས་ཅན།  བོད་ཀྱི་གསོ་རིག་མཁས་ཅན་བཅས་ཚུད་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]