བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་སྤྱི་ལོ༢༠༢༠ལོའི་དཔྱིད་དུས་འཛིན་གྲྭར་སློབ་མ༡༦༥༤བསྡུ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཐོ་རིམ་ལས་རིགས་སློབ་གྲྭས་སྤྱི་ལོ ༢༠༡༩ ལོར་སློབ་མ་ཁྲི་ཚོ ༡༠༠ བསྡུ་རྒྱུའི་སྐོར་དང་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་ལས་རིགས་སློབ་གསོའི་སློབ་བསྡུ་རྒྱ་སྐྱེད་ཆེད་དོན་ལས་དོན་གྱི་སྤྱི་ལོ ༢༠༡༩ ལོའི་ལག་བསྟར་ཇུས་གཞིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད།  བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་སྤྱི་ལོ ༢༠༡༩ ལོའི་མཐོ་རིམ་ལས་རིགས་སློབ་གསོའི་སློབ་བསྡུ་རྒྱ་སྐྱེད་ཆེད་དོན་གྱི་ཇུས་གཞི་ལྟར།  སྤྱི་ལོ ༢༠༢༠ ལོའི་དཔྱིད་དུས་འཛིན་གྲྭར་སློབ་མ ༡༦༥༤ བསྡུ་རྩིས་ཡོད་པ་དང་།  སློབ་བསྡུའི་ཆེད་ལས་ནང་ཞིང་ལས་ཚན་རིག་རིགས་དང་སྲོག་ཆགས་ཚན་རིག་རིགས།  དཔལ་འབྱོར་དོ་དམ་རིགས།  ཡུལ་སྐོར་རིག་གནས་རིགས།  འཕྲུལ་ཆས་གློག་རྡུལ་རིགས།  ཨར་སྐྲུན་ལས་གཞིའི་རིགས།  ཆ་འཕྲིན་ལག་རྩལ་རིགས་བཅས་རིགས་ཆེ་བ་བདུན་ཡོད་པ་མ་ཟད།  བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་ད་དུང་དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཡུན་ཡང་སྤྱི་ལོ ༢༠༡༩ ལོའི་ཟླ་བ ༡༡ པའི་ཚེས ༡༤ ཉིན་གྱི་དགོང་མོའི་ཆུ་ཚོད ༡༢ བར་རིང་དུ་བཏང་ཡོད།

རང་ལྗོངས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་གྲྭས་བསྡུས་མེད་པའི་སྐབས་ཐོན་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་དང་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཐོན་སློབ་མ་དང་།  དམག་ཞབས་ཐིམ་པའི་དམག་མི། ལས་བྲལ་ལས་ཤོར་མི་སྣ་དང་ཞིང་པ་ལས་མི།  རྣམ་གསར་ལས་རིགས་ཞིང་པ།  ལས་ཐོག་ལས་བཟོ་པ།  ཕྱོགས་ཐོན་ལས་མི་སོགས་སློབ་གྲྭར་ཞུགས་འདོད་པའི་མི་སྣ་ཡོངས་མིང་འགོད་རྒྱུགས་སྤྲོད་བྱེད་ཆོག་པ་དང་།  རང་ལྗོངས་ཀྱི་སྐབས་གོང་མའི་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་དང་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཐོན་སློབ་མ་རྣམས་རྣམ་གསར་ལས་རིགས་ཞིང་པ་གཞིར་བཟུང་མིང་འགོད་རྒྱུགས་སྤྲོད་བྱེད་ཆོག་གི་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]