ནང་སའི་བོད་ལྗོངས་འཛིན་གྲྭར་མི་རིགས་མཐུན་སྒྲིལ་སློབ་གསོའི་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་།  བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་བཅས་ཀྱིས་ཐུན་མོང་ཐོག་གཉེར་བའི་ནང་སའི་བོད་ལྗོངས་འཛིན་གྲྭའི་མི་རིགས་མཐུན་སྒྲིལ་སློབ་གསོའི་བྱེད་སྒོ་ཐན་ཅིང་ཧུང་ཀཱོང་སློབ་འབྲིང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

བྱེད་སྒོ་སྤེལ་རིང་རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང་དཔལ་འབྱོར་རིག་པའི་སློབ་གསོ་ཞིབ་དཔྱོད་ཁང་གི་དགེ་རྒན་ཆེ་མོ་བ་གཞོན་པ་བློ་བཟང་དར་རྒྱས་ཀྱིས།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ སོང་རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་འགྲེལ་བཤད་བརྒྱབ་པ་དང་།  སྡེ་ཚོགས་ཐན་ཅིན་གྲོང་ཨུད་ཀྱི་རིགས་གཅིག་མཁས་ཅན་གྱིས་ལྔ་བཞིའི་ལས་འགུལ་བྱུང་ནས་ལོ་ངོ་བརྒྱ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ནས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གསལ་འགྲེལ་གནང་བ་རེད། 

བྱེད་སྒོའི་ཁྲོད་ད་དུང་བོད་ལྗོངས་ཀྱི་ལྔ་བཞི་གཞོན་ནུའི་བྱ་དགའ་ཐོབ་མཁན་འཐུས་མིས་རང་ཉིད་ཀྱི་ཚར་ལོང་སྐོར་གླེང་ནས་འབད་འཐབ་ཀྱི་ལོ་རྒྱུས་སློབ་མ་ཚོར་མཉམ་སྤྱོད་ཀྱང་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]