སྒེར་རྩེ་རྫོང་བསེ་འཁོར་ཐོན་རྫས་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སིས་མང་ཚོགས་ལ་ཞབས་ཞུ་གང་ལེགས་སྒྲུབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༨ ལོར་སྒེར་རྩེ་རྫོང་གིས་རྫོང་དེའི་འབྲོག་ལས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཐོག་འབྲོག་ལས་གཉེར་སྐྱོང་དེ་ཐོན་ལས་ཅན་དང་གཞི་ཁྱོན་ཅན།  ཚད་ལྡན་ཅན།  ཚན་རིག་ཅན་བཅས་ཀྱི་ཕྱོགས་སུ་རིམ་བཞིན་འཕེལ་རྒྱས་གཏོང་ཆེད།  རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི ༥༠༠ བཏང་ནས་སྒེར་རྩེ་རྫོང་བསེ་འཁོར་ཐོན་རྫས་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སི་བཙུགས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ཀུང་སི་དེས་ཕྱུགས་ཟོག་ཐོན་རྫས་ཉོ་ཚོང་དང་ལས་སྣོན་ཞིབ་ཚགས།  ཁྲོམ་རའི་ཕྱིར་ཚོང་སོགས་བྱེད་ཀྱི་ཡོད་པས།  ད་བར་ཉོ་སྒྲུབ་ཀྱི་སྤྱིའི་མ་དངུལ་དང་མང་ཚོགས་ལ་སྤྲད་པའི་ཕྱུགས་ཟོག་ཐོན་རྫས་ཀྱི་ཉོ་སྒྲུབ་མ་དངུལ་སྒོར་ཁྲི་ཚོ ༢༣༠༠ ཟིན་པ་དང་།  ཁུ་ལུའི་ཐོན་རྫས་ཕྱིར་ཚོང་གི་ཡོང་འབབ་སྒོར་ཁྲི་ཚོ ༣༠༠ ལྷག་ཙམ་བྱུང་བ་མ་ཟད་ལས་གནས ༢༨ མཁོ་འདོན་བྱས་ཡོད་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སྐབས་ཐོན་སློབ་ཆེན་སློབ་མ ༩ ཚུད་ཡོད་པ་བཅས་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]