ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་སྤྱིའི་ཆ་ནས་བརྟན་པོ་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ཆབ་མདོ་གྲོང་ཁྱེར་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།  གོང་གི་དུས་ཚིགས་གསུམ་ནང་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་སྤྱིའི་ཆ་ནས་ཅུང་བཟང་པོ་བྱུང་བ་མ་ཟད་བརྟན་པོ་ཡང་བྱུང་ཡོད།  སྤྱི་ཟླ་དང་པོ་ནས་དགུ་པའི་བར་ཆབ་མདོ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར ༡༤ ལྷག་ཙམ་བྱུང་བ་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ ༨ འཕར་ཡོད།  དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར ༡༢ ལྷག་ཙམ་ཟིན་པ་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ ༣ འཕར་བ་དང་།  ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར ༥༩ ལྷག་ཙམ་ཟིན་པ་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ ༡༠ འཕར་བ།  ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར ༦༨ ཟིན་པ་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ ༨ འཕར་བ་བཅས་བྱུང་ཡོད།

གཙོ་གནད་ལས་རིགས་ཐད་ནས་ལྟས་ན་ཞིང་ལས་ཐོན་སྐྱེད་གོ་རིམ་ལྡན་པའི་སྒོ་ནས་སྐུལ་སྤེལ་གཏོང་བཞིན་ཡོད།  གྲོང་ཁྱེར་དེ་ཡོངས་ཀྱིས་ཞིང་ནགས་འབྲོག་གསུམ་གྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར ༡༨ ལྷག་ཙམ་ལེགས་སྒྲུབ་ཟིན་པ་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ ༤ འཕར་བ་དང་།  བཟོ་ལས་དཔལ་འབྱོར་རྒྱུན་མཐུད་བརྟན་པོ་བྱུང་བ་དང་གྲོང་ཁྱེར་དེ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་སྐྱེད་ཀྱི་རིན་ཐང་སྒོར་དུང་ཕྱུར ༡༨ ལྷག་ཙམ་ལེགས་སྒྲུབ་བྱུང་བ་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ ༡༤ འཕར་བ།  བཟོ་ལས་ཀྱི་ཐད་ནས་དབྱེ་ན་ཡང་བའི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར ༡.༡ ལེགས་སྒྲུབ་བྱུང་བ་དང་ལྕི་བའི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར ༡༧ ལེགས་སྒྲུབ་བྱུང་ཡོད་པ་བཅས་མ་ཟད།  སྤྱི་ཚོགས་འཛད་སྤྱོད་དངོས་པོ་སིལ་ཚོང་བྱེད་ཚད་ཀྱང་བརྟན་པོའི་ངང་རྒྱུན་འཁྱོངས་ཐུབ་སྟེ་གྲོང་ཁྱེར་དེ་ཡོངས་ཀྱི་འཛད་སྤྱོད་དངོས་པོ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར ༤༣ ལྷག་ཙམ་ཟིན་པ་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ ༣.༧ འཕར་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]