མི་དམངས་དངུལ་ཁང་ཉིང་ཁྲི་ལྟེ་བའི་ཡན་ལག་དངུལ་ཁང་གིས་གཅེས་སེམས་འབུལ་བའི་སྤྱི་ཕན་བྱེད་སྒོ་སྣ་ཚོགས་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་།  མི་དམངས་དངུལ་ཁང་ཉིང་ཁྲི་ལྟེ་བའི་ཡན་ལག་དངུལ་ཁང་གིས་གྲོང་ཁྱེར་དེ་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་སྣེ་འཁྲིད་བྱས་ནས།  སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་ཧུར་ཐག་བྱས་པ་དང་།  གཅེས་སེམས་འབུལ་བའི་སྤྱི་ཕན་བྱེད་སྒོ་ཐེངས་མང་སྤེལ་ཏེ་སྤྱི་ཚོགས་ཐོག་གཟུགས་བརྙན་བཟང་པོ་ཞིག་གཏོད་ཡོད།
སྤྱི་ཚོགས་ལས་རིགས་ཁག་གིས།  ཁོར་ཡུག་འཕྲོད་བསྟེན་ལས་དོན་ལ་སེམས་ཁུར་དང་ཁོར་ཡུག་འཕྲོད་བསྟེན་བཟོ་པ་རྣམས་ལ་ལས་ཀའི་ཁོར་ཡུག་བཟང་པོ་ཞིག་བཏོད་རྒྱུར་སྔར་བས་ཁྲིད་སྟོན་བྱ་ཆེད།  མི་དམངས་དངུལ་ཁང་ཉིང་ཁྲི་ལྟེ་བའི་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཁོངས་གཏོགས་ཀྱི་སྤྱི་ཕན་ལས་སྟེགས་ཧུར་ཐག་བསྐྲུན་ཏེ།  གྲོང་ཁྱེར་དེ་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་དགུ་སྒྲིག་འཛུགས་བྱས་ཐོག  ཁོར་ཡུག་འཕྲོད་བསྟེན་བཟོ་པར་གཅེས་སེམས་འབུལ་བའི་ཞབས་ཞུའི་ས་ཚུགས་བཙུགས་ཡོད།
གཞན་ཡང་།  མི་དམངས་དངུལ་ཁང་ཉིང་ཁྲི་ལྟེ་བའི་ཡན་ལག་དངུལ་ཁང་གིས་མ་དངུལ་བཏང་ནས་དབུལ་ཕོངས་གྲོང་ཚོའི་མང་ཚོགས་ལ་འཐུང་ཆུ་དང་གསང་སྤྱོད།  གྲོང་མིའི་བྱེད་སྒོ་སྤེལ་ཁུལ་སོགས་ལེགས་བཅོས་གཏོང་རོགས་བྱས་པ་དང་སྦྲགས་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་ཡོད།  དེ་ཡང་སྤྱི་ལོ ༢༠༡༤ ལོའི་ཚུན་ནས་རིགས་ཁག་ལ་རོགས་སྐྱོར་བྱས་པའི་དངུལ་གྲངས་སྒོར་ཁྲི་ཚོ ༧༣ ཟིན་པ་དང་གྱོན་གོས ༡༩༥༣ ཞལ་འདེབས་བརྒྱབ་ཡོད་པས།  གཞོན་ནུ་ལས་བཟོ་པའི་སྤྱི་ཚོགས་ཀྱི་འགན་སེམས་ཆེ་རུ་འགྲོ་རྒྱུར་ཕན་པ་བཟང་པོ་ཐོན་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]