ཏང་གི་སྐབས༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས༤པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཐིང་དེ་ཡོངས་ཀྱི་ལས་བྱེད་པའི་ཚོགས་ཆེན་འཚོགས་པ་དང་།  ཚོགས་འདུའི་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།  
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཇེ་ཡིས་ཚོགས་འདུར་ཕེབས་ཏེ།  རང་ཉིད་ཀྱི་སློབ་སྦྱོང་མྱོང་ཚོར་དང་ཟུང་བྲེལ་ངང་ལས་བྱེད་ལས་བཟོ་པ་ཡོངས་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་ཟུར་འཁྲིད་གནང་བ་རེད།
ཅང་ཇེ་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར།  མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས་པ་དང་མི་དམངས་མང་ཚོགས་ཀྱི་རེ་འདོད་དང་བསྟུན་པ།  སློབ་ཆེན་ཐོན་པའི་སློབ་མ་དང་ཞིང་འབྲོག་པའི་གནས་འགྱུར་ལས་ཞུགས་སོགས་གཙོ་གནད་ཀྱི་ལས་ཞུགས་ལས་དོན་ལ་རྒྱུན་མཐུད་དམ་འཛིན་བྱས་ནས།  དམངས་འཚོ་འགན་སྲུང་དང་དམངས་སེམས་རྣལ་དུ་ཕབ་པ།  རྩ་བ་བརྟན་ཚུགས་བཅས་ཡོང་བ་བྱེད་དགོས་པ་དང་།  རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གནས་ཚུལ་ལ་གཞིགས་ཏེ།  ཚན་རིག་དང་མཐུན་པའི་ངང་རིགས་ཁག་གི་ཉམས་ཞན་མི་ཚོགས་ཀྱི་འགན་སྲུང་ཆུ་ཚད་གཏན་འཁེལ་བྱེད་པ་དང་།  ལུགས་མཐུན་གྱི་འཕར་སྣོན་ལམ་སྲོལ་བཙུགས་ཏེ་བང་རིམ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་གཏོད་དགོས་པ།  ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པ་དང་ལས་དོན་སྤེལ་སྟངས་དང་སྤྱོད་ཚུལ་ལེགས་བཅོས་བྱས་ཐོག  བློ་གཅིག་སེམས་གཅིག་ངང་དམངས་ལ་ཞབས་ཞུ་སྒྲུབ་ནས་རང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]