ཉིང་ཁྲི་སྨན་གླིང་འབབ་ཐང་ནས་ལོ་འཁོར་མོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་ཚོ༥༠ལས་བརྒལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིང་ཁྲི་སྨན་གླིང་འབབ་ཐང་ནི་ལྷ་ས་གོང་དཀར་འབབ་ཐང་དང་ཆབ་མདོ་སྤང་མདའ་འབབ་ཐང་གི་རྗེས་སུ་བསྐྲུན་པའི་འབབ་ཐང་ཨང་གསུམ་པ་དེ་རེད།  ཤེས་རྟོགས་བྱས་པར་གཞིགས་ན།  སྨན་གླིང་འབབ་ཐང་ནས་ད་ལོ་འགྲུལ་པ་མི་ཐེངས་ཁྲི་ཚོ ༥༠ ལས་བརྒལ་བ་སྐྱེལ་འདྲེན་བྱས་པ་དེས།  ཉིང་ཁྲི་སྨན་གླིང་འབབ་ཐང་གོང་འཕེལ་གྱི་དུས་མཚམས་གསར་པར་སླེབས་པ་མཚོན་གྱི་ཡོད།  དེང་སྐབས་ཉིང་ཁྲི་སྨན་གླིང་འབབ་ཐང་དུ་རྒྱལ་སྤྱིའི་མཁའ་འགྲུལ་དང་ལྷོ་ཕྱོགས་མཁའ་འགྲུལ།  ཟི་ཁྲོན་མཁའ་འགྲུལ།  བོད་ལྗོངས་མཁའ་འགྲུལ་བཅས་མཁའ་འགྲུལ་ཀུང་སི་བཞི་ནས་མཁའ་ལམ་དགུ་ཤར་གཏོང་ཐུབ་པས་ཁྲེན་ཏུ་དང་གྲུང་ཆིང་།  ཀོང་ཀྲའུ།  ཤིའི་ཨན།  ཧྲེན་ཀྲེན།  ལན་ཀྲའུ།  ཤིའི་ཁྲང་བཅས་གྲོང་ཁྱེར་བདུན་ལ་གནམ་གྲུ་འཕུར་སྐྱོད་ཐུབ་ཀྱི་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]