རང་ལྗོངས་ཀྱིས་གཙོ་དོན་སློབ་གསོ་ཁག་གཉིས་པ་གང་ལེཌ་སྤེལ་རྒྱུར་སྐོར་ཞིབ་དང་མཛུབ་ཁྲིད་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། རྩ་འཛུགས་པུའི་པུའུ་ཀྲང་གྲེན་ཡུང་ཆིས་གཙོ་དོན་སློབ་གསོ་ཁག་གཉིས་པའི་སྐོར་ཞིབ་མཛུབ་ཁྲིད་ལས་ཀའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས།  སྐོར་ཞིབ་མཛུབ་ཁྲིད་ལས་ཀའི་གནས་ཚུལ་མཁྱེན་རྟོགས་དང་གྲོས་འཆར་གསན་གནང་ཞིང་།  ལྷག་པའི་གནད་དོན་ལ་དབྱེ་ཞིབ་དང་གོམས་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད། 
གྲེན་ཡུང་ཆི་ནས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་།  ལྟ་སྐུལ་མཛུབ་ཁྲིད་ལས་ཀའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཏེ།  ལྟ་སྐུལ་མཛུབ་ཁྲིད་ལས་ཀའི་ལས་འགན་ཁག་ཚད་གཞི་མཐོ་པོས་ལེགས་སྒྲུབ་བྱེད་དགོས་པ་དང་།  གཙོ་གནད་མངོན་ཆེར་འཛིན་པ།  དཀའ་གནད་སྒྲོལ་བ།  ཁྱད་ཆོས་མངོན་པ།  མཛུབ་ཁྲིད་གནད་འཕིགས་བཅས་ཡོང་བ་བྱས་ཏེ།  གཙོ་དོན་སློབ་གསོ་ཁག་གཉིས་པའི་སྤུས་འབྲས་འགན་ལེན་བྱེད་དགོས་པ་དང་།  ཀྲུང་དབྱང་དང་ལྗོངས་ཏང་ཨུད་ནས་བཀོད་སྒྲིག་བྱས་པའི་ཆེད་དོན་བཅོས་སྒྲིག་ལས་འགན་དུས་བཀག་ལྟར་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་ཐོག  མང་ཚོགས་ཀྱི་འཕྲལ་མཁོ་ཆེ་ཤོས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གནད་སྨིན་དོན་འཁྱོལ་ཡོང་བ་བྱས་ནས།  བཅོས་སྐྱོང་མ་ལག་གི་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]