ལྗོངས་སྒྲོག་འགྲེལ་ཚོཌ་པས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་ཏང་གི་སྐབས༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས༤པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིནབརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༨ ཉིན་གྱི་ཕྱི་དྲོ།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་མཁན་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས།  བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་སྒྲོག་འགྲེལ་ཐེངས་དང་པོ་བྱས་པ་དང་།  སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཏིང་ཡུང་གིས།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་གཙོ་དོན་དང་དམ་པོར་བསྟུན་པ་དང་།  རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དོན་དངོས་དང་ཟུང་བྲེལ་བྱས་ནས།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་རྒྱས་བཤད་དང་གསོན་ཉམས་ལྡན་པའི་སྒྲོག་འགྲེལ་གནང་བ་རེད། 
སློབ་གྲྭ་དེ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་དགེ་སློབ།  ལས་བཟོ་པ་བཅས་ཀྱི་མོས་པ་གཅིག་མཐུན་ཐོག་ཚང་མས་སླད་ཕྱིན་གྱི་སློབ་སྦྱོང་དང་ལས་ཀའི་ཁྲོད་ངེས་པར་དུ་གོ་བ་ལོན་པ་དང་ཁོང་དུ་ཆུད་པ།  དངོས་སུ་སྒྲུབ་པ་བཅས་ཀྱི་བླང་བྱར་ནན་པོ་གཞིགས་ཏེ།  སློབ་སྦྱོང་བྱས་པ་དེ་ལག་ལེན་དུ་འཁྱོལ་རྒྱུའི་ཐད་ཤུགས་སྣོན་རྒྱག་པ་དང་ཕན་པ་ཐོན་པ་བྱས་ཏེ།  དད་སྦྱོར་གཉིས་ལྡན་ཡོང་བའི་ཐོག་ནས་ཐོས་བསམ་ལག་ལེན་དང་མི་སེམས་ལ་ཟུག་པ་བྱས་ཏེ།  ཚང་འཛོམས་གྲོས་ཚོགས་དགོངས་དོན་སློབ་སྦྱོང་བརྒྱུད་བསམ་བློའི་གོ་རྟོགས་མཐོ་གཏོང་བ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ།  ལས་ཀར་སྐུལ་སྤེལ་གཏོང་བ་བཅས་བྱེད་རྒྱུ་ཡིན་ཞེས་གསུངས།
བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི། སློབ་སྤྱི་གཞོན་པ་ཡང་ཧྭ་ཡིས།  གོམས་སྟབས་རྗེས་མར་སློབ་གླིང་གིས་ལྗོངས་ཏང་ཨུད་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་གནང་བ་དེ་གོ་སྐབས་སུ་འཛིན་ཏེ།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དེ་ཏང་ནས་འགོ་ཁྲིད་རྒྱུར་ཤུགས་སྣོན་དང་བསྒྱུར་བཅོས་གོང་འཕེལ་ལ་སྐུལ་འདེད།  ཏང་འཛུགས་སྐྱོང་བཅས་ཕྱོགས་ཁག་དང་བརྒྱུད་རིམ་ཡོངས་ལ་ཁྱབ་པ་བྱས་ཏེ།  བྱ་སྤྱོད་ངོ་མའི་ཐོག་ནས་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་དང་རྩལ་ནུས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་ཆོད་སེམས་དང་ཡིད་ཆེས་བརྟན་དུ་བཏང་ཐོག  གཅིག་བསྡུས་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་ཡོང་བ།  རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]