ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༨ ཉིན་གྱི་སྔ་དྲོར།   ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རྒྱལ་ཁབ་རིམ་པའི་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཁེ་ལས་མང་པོ་དང་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་ཁྲལ་དོན་ཡན་ལག་ཅུས་སུ་ཕེབས་ཏེ།  ཁེ་ལས་ཀྱི་ཁྲལ་རིན་གཉིས་གཅོག་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

ཀྲོང་ཡན་གྱིས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་བོད་ལྗོངས་གཙང་ཚའོ་དབྱི་ཧྲེང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་དང་།  བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་ཀུང་སི།  ས་མཐོའི་གཅེས་ནོར་འབྲིའི་འོ་མའི་ལས་རིགས་མ་རྐང་ཚད་ཡོད་ཀུང་སི་བཅས་སུ་ཕེབས་ནས།  ཁེ་ལས་རེར་ཕེབས་རིམ་བཞིན་འགན་འཁུར་མི་སྣརའདི་ལོའི་ཚོང་གཉེར་ཡོང་འབབ་གང་འདྲ་འདུག་གམ།  ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ལོངས་སྤྱོད་ཐུབ་སོང་ངམ།  དེ་མིན་གྱི་དཀའ་ངལ་དང་རེ་བ་ཡོད་དམཞེས་བཀའ་འདྲི་ཞིབ་ཕྲ་གནང་བ་དང་།  ལྷ་ས་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཁྲལ་རིན་གཉིས་གཅོག་ཆ་སྙོམས་ཆག་ཚད་བརྒྱ་ཆ ༡༧ ཟིན་པ་དང་མཐོ་ཤོས་བརྒྱ་ཆ ༣༠ ཟིན་ནས།  ཁེ་ལས་ཀྱིས་ཏང་ཀྲུང་དབྱང་གི་ཁྲལ་རིན་གཉིས་གཅོག་སྲིད་ཇུས་ལས་ཐོབ་པའི་དངོས་ཕན་ལོངས་སྤྱོད་ཐུབ་པ་མཁྱེན་རྗེས་ཀྲོང་ཡན་ཐུགས་བློ་བདེ་པོ་བྱུང་ཞིང་།  ཁོང་གིས་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ཁྲོད་ཁེ་ལས་ལ་འཕྲད་པའི་དཀའ་གནད་དང་སེམས་ཁྲལ་ཐག་གཅོད་ཧུར་ཐག་བྱས་ཏེ་སྒྱུར་བཅོས་གཏིང་ཟབ་དང་ཞབས་ཞུའི་སྤུས་ཚད་ཀྱི་ཕན་འབྲས་མུ་མཐུད་ཆེ་རུ་ཏན་ཏིག་བཏང་ནས་དེ་བས་ལེགས་པའི་ཚོང་གཉེར་ཁོར་ཡུག་གཏོད་དགོས་ཞེས་ནན་གསུངས་གནང་བ་རེད།

དེ་རྗེས་ཀྲོང་ཡན་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་ཁྲལ་དོན་ཡན་ལག་ཅུས་སུ་ཕེབས་ཏེ་ཁྲལ་གཉེར་བརྒྱུད་རིམ་དང་ཁྲལ་རིན་གཉིས་གཅོག་གི་ལས་དོན་སྤེལ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

བརྟག་ཞིབ་གནང་རིང་།  ཀྲོང་ཡན་གྱིས་རང་ལྗོངས་ཀྱི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་དང་ཐོབ་པའི་དུས་མཚམས་རང་བཞིན་གྱི་ཕན་འབྲས་ལ་ཁས་ལེན་གནང་ཞིང་།  ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་ཁྲལ་རིན་གཉིས་གཅོག་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ།  ཁེ་ལས་དང་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་དཔལ་འབྱོར་སྐྱོན་བྲལ་དང་བརྟན་པོའི་ངང་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།  དམིགས་ཚད་ཀྱི་ཁྲིད་སྟོན་སྔར་བས་མཐའ་འཁྱོངས་བྱས་ཏེ་ལོ་འགོའིསྲིད་གཞུང་གི་ལས་དོན་སྙན་ཞུའིནང་གཏན་འབེབས་བྱས་པའི་ལས་ཀའི་དམིགས་ཚད་ཀྱི་ཚད་གཞི་དང་ཡང་ཡང་བསྡུར་ཏེ་ཁྲལ་རིན་གཉིས་གཅོག་གི་ལས་འགན་ཞིབ་ཕྲ་ཁག་དང་དམིགས་ཚད་དུས་བཀག་ལྟར་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས།  འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ་དང་།  རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་།  འགན་འཁྲི་ནན་དུ་གཏོང་བ།  སྟོབས་ཤུགས་གཅིག་སྒྲིལ་བཅས་ཀྱིས་ཁྲལ་རིན་གཉིས་གཅོག་གནད་སྨིན་ལག་བསྟར་ཡོང་བར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]