གྲེན་ཡུང་ཆི་ཡིས་མལ་གྲོ་གུང་དཀར་རྫོང་དུ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-12-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་གྲེན་ཡུང་ཆི་ཡིས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་གཞི་རིམ་ཏང་ཡོན་ལས་བྱེད་མང་ཚོགས་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་དང་།  བརྗོད་དོན་གཙོ་བའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད།  མལ་གྲོ་གུང་དཀར་རྫོང་ཨུད་རྒྱུན་ཨུད་ཚན་ཁག་གི་ཆེད་དོན་དམངས་འཚོའི་འཚོ་བའི་ཚོགས་འདུར་མཛུབ་ཁྲིད་ཀྱང་གནང་ཡོད།

ཁོང་ནས་ཐང་སྐྱ་ཤང་མོ་གྲོང་གྲོང་ཚོར་རང་ཉིད་ཀྱི་སློབ་སྦྱོང་མྱོང་བ་དང་གཞི་རིམ་གྱི་དོན་དངོས་དང་ཟུང་འབྲེལ་ངང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དོད་པའི་ལེགས་ཆ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་བོད་དུ་ལག་ལེན་ཡག་པོ་བྱུང་བ་བཅས་ཀྱི་ཐད་རྒྱས་བཤད་གཏིང་ཟབ་གནང་བ་དང་སྦྲགས།  རྒྱ་ཆེའི་གཞི་རིམ་ཏང་ཡོན་ལས་བྱེད་པས་གོ་བ་ལོན་པ་དང་ཁོང་དུ་ཆུད་པ།  དངོས་སུ་སྒྲུབ་པ་བཅས་ལ་ཤུགས་སྣོན་རྒྱག་པ་དང་ཏང་གིས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ།  བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་སྟངས་འཛིན་ཏན་ཏིག་བྱེད་པ།  གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས།  མི་དམངས་བདེ་འཁོད་ལས་ཞེན་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་བཀའ་སློབ་གནང་ཡོད།

ཁོང་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུ་ནི།  ཏང་འཛུགས་སྐྱོང་གི་འགྱུར་མེད་ལས་དོན་ཞིག་དང་ཏང་ཡོན་ལས་བྱེད་པས་ཡུན་རིང་སྤེལ་དགོས་པའི་ལས་དོན་ཞིག་ཡིན་པས།  གནད་དོན་ཐག་གཅོད་བྱེད་པ་དང་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོར་དོན་དངོས་ཕན་འབྲས་ཐོན་མིན་གྱི་རྩ་བའི་ཚད་གཞིར་རྩིས་ནས།  ཆེད་དོན་དམངས་འཚོའི་འཚོ་བའི་ཚོགས་འདུའི་རྗེས་མཐུད་ལས་དོན་ཡག་པོ་སྤེལ་དགོས་པའི་ནན་གསུངས་གནང་ཡོད།  ཁོང་ནས་ད་དུང་ཐང་སྐྱ་ཤང་གི་གཞི་རིམ་ལས་བྱེད་པ་དང་སྤེལ་རེས་གནང་བ་དང་ཉལ་ཁང་སོགས་འཚོ་བའི་སྒྲིག་བཀོད་ལ་གཟིགས་ཞིབ་གནང་སྟེ།  ཚང་མས་གཞི་རིམ་ལ་གཞི་ཚུགས་པ་དང་མང་ཚོགས་ལ་ཞབས་ཞུ་སྒྲུབ་དགོས་པའི་སྐུལ་མ་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]