གཉའ་ལམ་རྫོང་གིས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་གཅིག་བསྡུས་བཅོས་སྒྲིག་ལས་དོན་ཧུར་ཐག་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-12-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གཞི་རིམ་ཏང་འཛུགས་ཀྱི་དོན་དངོས་བྱ་བ ༡༢ དང་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་སྤེལ་གཏོང་ཆེད།  གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ལྟ་བུའི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ།  ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་གཅིག་བསྡུས་བཅོས་སྒྲིག་ལས་དོན་ཧུར་ཐག་སྤེལ་ནས་བཅོས་སྒྲིག་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད།

རྫོང་དེས་བཞུགས་མོལ་བྱེད་པ་དང་དུད་ཚང་ལ་འཚམ་འདྲིར་བསྐྱོད་པ།  མི་ཁག་ཅིག་དང་སྤེལ་རེས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད།  གྲོང་ཚོའི་གནས་ཚུལ་མཐིལ་རྟོགས་དང་གནད་དོན་རྩད་གཅོད་ཡང་དག  ལས་ཀའི་ཇུས་གཞི་ཞིབ་ཕྲ་བཟོ་བ།  དཀའ་གནད་ཐག་གཅོད་བྱེད་རོགས་བཅས་བྱས་པ་མ་ཟད།  ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་འཇོན༌ཐང་ཆེ་བ།  དམངས་ལ་ཞབས་ཞུ་སྒྲུབ་རྒྱུར་དགའ་བའི་རྫོང་དང་ཤང་གི་ཕུལ་བྱུང་ན་གཞོན་ལས་བྱེད་པ ༡༠ འདེམས་སྒྲུག་ཐོག  ནུས་མེད་ཟབ་ཟོབ་གྲོང་ཚོའི་ཏང་ཀྲེ་པུའི་ཧྲུའུ་ཅི་དང་ཆབ་སྲིད་རོགས་ཁྲིད་པའི་འགན་འཁུར་རྒྱུར་མངག་གཏོང་བྱས་ནས།  ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་ཀྲེ་པུའི་བཅོས་སྒྲིག་ལས་དོན་ཐད་ཤེས་ལྡན་པའི་འགན་སྲུང་ནུས་ལྡན་བྱས་ཡོད་པ་དང་ཆབས་ཅིག  གྲོང་ཚོ་ཁག་ཅིག་ལ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་དང་ཡང་ན་མཉམ་ལས་ཁང་སྟོང་པ་སོགས་ཡིན་པའི་གནད་དོན་ལ་དམིགས་ནས།  གྲོང་ཚོ་རིམ་པའི་དཔལ་འབྱོར་རྩ་འཛུགས་ཁྱོན་ཡོངས་ལ་ཁྱབ་པ་བྱེད་པའི་ལས་ཀའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ།  རྫོང་ཨུད་རྩ་འཛུགས་ཚན་པ་དང་འབྲེལ་ཡོད་ཚན་པས་མ་དངུལ་བརྩོན་ལེན་དང་ལས་ཀའི་བྱ་ཐབས་འཐུས་ཚང་བཟོས་ནས།  ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁྱད་ལྡན་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་གོང་འཕེལ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ཡོད།

གཅིག་བསྡུས་བཅོས་སྒྲིག་བྱས་པ་བརྒྱུད་གཉའ་ལམ་རྫོང་གི་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་ཀྲེ་པུའུ་ལྔའི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང༌།  ལས་ཀའི་ལམ་སྲོལ།  ལས་ཀའི་ཕན་འབྲས་སོགས་ཐད་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་དང་།  བཅོས་སྒྲིག་ལས་ཀའི་སྤུས་ཚད་རིམ་སྤོར་བྱུང་ནས་གྲོང་ཚོའི་ཨུད་གཉིས་ཀྱི་ཚན་ཁག་དང་ཞིང་འབྲོག་མང་ཚོགས་ཏང་ཡོན་དཔུང་ཁག་གི་བསམ་པའི་ཉམས་འགྱུར་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་།  འཐབ་རྩོད་ནུས་པ་ཡང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]