བོད་ཀྱི་འཕོ་འགྱུར་ཞེས་པའི་དཔེ་དེབ་རྒྱ་ཡིག་ལ་བསྒྱུར་ཏེ་དཔེ་སྐྲུན་བྱས།

ཡོང་ཁུངས།   བོད་ལྗོངས་རླང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-12-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  བོད་ལྗོངས་མི་རིགས་སློབ་ཆེན་ཕྱི་སྐད་སློབ་གླིང་གི་ཡིག་སྒྱུར་ཚོགས་པས་དབྱི་སི་ལེར་ཨའེ་ཕོ་སི་ཐན་གྱིས་བརྩམས་པའི་བོད་ཀྱི་འཕོ་འགྱུར་ཞེས་པའི་དེབ་དེ་རྒྱ་ཡིག་ལ་བསྒྱུར་བས།  རྒྱལ་ནང་གི་ཀློག་པ་པོར་བོད་དུ་དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་དང་བྱས་རྗེས་ཀྱི་འགྱུར་ལྡོག་ཤེས་རྟོགས་བྱ་རྒྱུར་ལོ་རྒྱུས་ཀྱི་དཔྱད་གཞི་དང་རིག་གཞུང་གི་ཀློག་དེབ་མཁོ་འདོན་ཐུབ་ཡོད། 

བོད་ཀྱི་འཕོ་འགྱུར་ཞེས་པའི་དེབ་དེའི་ནང་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་བོད་ལ་དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་དང་བྱས་རྗེས་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བཀོད་ཡོད་པས།  ཀློག་པ་པོར་བདེན་པ་བདེན་ཐུག་དང་རྒྱུན་མཐུད་ཡར་རྒྱས་འགྲོ་བཞིན་པའི་བོད་ལྗོངས་གསར་པ་ཞིག་ངོ་སྤྲོད་བྱས་ཡོད་པ་མ་ཟད།  རིག་གཞུང་ཐད་ནས་ཁ་ཕྲལ་རིང་ལུགས་པའི་གདོང་རིས་ངོ་མ་དམར་བརྗེན་དུ་བཏོན་པ་དང་།  བོད་ལྗོངས་འདི་ཉིད་གནའ་སྔ་མོ་ནས་ཀྲུང་གོའི་མངའ་ཁོངས་ཤིག་ཡིན་པ་ཡང་གསལ་བཤད་བྱས་ཡོད། 
ཤེས་རྟོགས་བྱས་པར་གཞིགས་ན།  དབྱི་སི་ལེར་ཨེ་པ་སི་ཐན་གྱིས་ཚེ་གང་རིང་བོད་ལྗོངས་སྤྱི་ཚོགས་ཀྱི་ཡར་རྒྱས་དང་གོང་འཕེལ་ལ་ཐུགས་འཁུར་གནང་སྟེ།  སྤྱི་ལོ ༡༩༥༥ ལོ་དང་སྤྱི་ལོ ༡༩༦༥ ལོ།  སྤྱི་ལོ ༡༩༧༦ ལོ་བཅས་ལ་བོད་དུ་ཐེངས་གསུམ་ཕེབས་ཏེ་གསར་འགོད་པའི་ངོས་ནས་བོད་ཀྱི་འཐབ་ས་དང་པོའི་ལས་བྱེད་མང་ཚོགས་ལ་བཅར་འདྲི་ཞུས་པ་བརྒྱུད།  སྤྱི་ལོ ༡༩༨༣ ལོར་བོད་ཀྱི་འཕོ་འགྱུར་ཞེས་པའི་དེབ་དེ་བཏོན་གནང་བ་རེད།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]