སྟོད་ལུང་བདེ་ཆེན་ཆུས་ཀྱིས་གཞི་རིམ་དུ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-12-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན།  ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་ཚོ༼སྡེ་ཁུལ༽ཁག་གིས།  བརྗོད་དོན་གཙོ་བོའི་སློབ་གསོ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་རྩིས་ནས་དམ་འཛིན་བྱས་ཏེ།  བརྗོད་དོན་གཙོ་བོའི་སློབ་གསོ་དེ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་དོན་ཐོག་ཏུ་འཁྱོལ་རྒྱུ་དང་ཕན་པ་ཐོན་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

གྲོང་ཚོ༼སྡེ་ཁུལ༽ཁག་གི་ཨུ་ཡོན་ལྷན་ཁང་གཉིས་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་བཅས་ཀྱི་ཏང་ཡོན་ལས་བྱེད་པས།  ཏང་གི་སྒྲིག་ཡིག་སྒྲིག་ཁྲིམས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་།  རྩ་གནད་གནད་བསྡུས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན།  མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སོགས་ཀྱི་ནང་དོན་སློབ་སྦྱོང་བྱས་ནས།  སློབ་སྦྱོང་ལ་འཕེལ་རིམ་གསར་པ་ཡོང་བ་དང་མཐོ་ཚད་གསར་པར་སླེབས་ཐུབ་པ་བྱེད་པ།  གྲོང་གསེབ་དར་རྒྱས་དང་གྲོང་གསེབ་ཀྱི་ལོ་རྒྱུས་གྲོས་བསྡུར།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཞིང་ལས་དལ་དུས་ཀྱི་བྱེད་སྒོ་ཁག་བཅུ་སོགས་དང་ཟུང་བྲེལ་བྱས་ནས།  བརྗོད་དོན་གཙོ་བོའི་སློབ་གསོ་དེ་ཁྱིམ་ཚང་ཀུན་གྱིས་ཤེས་རྟོགས་ཐུབ་རྒྱུར་སྐུལ་འདེད་བཏང་བ་མ་ཟད།  རྒན་གྲས་གསུམ་གྱི་མི་སྣ་དང་ཕྱུག་འགྱུར་སྣེ་ཁྲིད་པ་སོགས་ཞིང་འབྲོག་ཁུལ་དང་།  དགོན་སྡེ།  སློབ་གྲྭ་བཅས་སུ་དམངས་ཕན་དང་དབུལ་གྲོལ་འགག་སྒྲོལ་སོགས་ཀྱི་སྲིད་ཇུས་སྐོར་བསྐྱོད་དྲིལ་བསྒྲགས་བྱེད་པར་གདན་ཞུ་ཡང་བྱས་ནས།  སྒྲོག་འགྲེལ་ཐེངས་དགུ་བཅུ་ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་ཁྲི ༡.༤༦ ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]