མ་འོངས་པར་བོད་ཀྱི་གངས་ཤུད་ལུས་རྩལ་པ་གསོ་སྐྱོང་བྱ་རྒྱུའི་ཐད་རང་ལྗོངས་དང་ཇི་ལིན་ཞིང་ཆེན་དབར་མཉམ་ལས་གྲོས་མཐུན་བཞག

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-12-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༧ ཉིན།  མཇུག་སྒྲིལ་མ་ཐག་པའི་བོད་རང་སྐྱོང་ལྗོངས་ས་མཐོའི་དབུག་ཐག་འགྲན་ཤུགས་ཀྱི་གཞོན་ནུ་ལོ་ཆུང་གི་ད་ལོའི་དགུན་དུས་སྒར་སའི་བྱེད་སྒོ་དང་ལས་ཞོར་ལུས་རྩལ་སློབ་གྲྭའི་འགྲན་བསྡུར་ཐོག་ནས་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།  བོད་རང་སྐྱོང་ལྗོངས་དང་ཇི་ལིན་ཞིང་ཆེན་དབར་མཉམ་ལས་གྲོས་མཐུན་བཞག་ནས་མ་འོངས་པར་བོད་ལ་གངས་ཤུད་རྣམ་གྲངས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུ་རེད།
ཉིན་ལྔའི་དགུན་དུས་སྒར་སའི་བྱེད་སྒོའི་ནང་།  ཇི་ལིན་ཞིང་ཆེན་ལུས་རྩལ་སློབ་གྲྭའི་རྩལ་སློབ་དགེ་རྒན་གྱིས་ཉིང་ཁྲི་གྲོང་ཁྱེར་དུ་བཙུགས་པའི་གངས་ཤུད་རྣམ་གྲངས་ཀྱི་དགུན་དུས་སྒར་སའི་ལུས་རྩལ་པ་ཚོར་མཛུབ་ཁྲིད་གནང་བར་ཕེབས་ཡོད།  རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭ་དང་རང་ལྗོངས་ཀྱི་གྲོང་ཁྱེར༼ས་ཁུལ༽བདུན་གྱི་ལས་ཞོར་ལུས་རྩལ་སློབ་གྲྭའི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་པ ༡༨༥ བདམས་གསེས་འགྲན་བསྡུར་ནང་ཞུགས་ཡོད་པ་དང་།  ཁག་དང་པོའི་འགྲན་བསྡུར་ནང་ཚུད་མཁན་རྣམས་སྤྱི་ལོ ༢༠༢༠ ལོའི་ཟླ་དགུ་པར་ཇི་ལིན་ཞིང་ཆེན་ལུས་རྩལ་སློབ་གྲྭར་སློབ་སྦྱོང་དང་ནང་སྦྱོང་བྱེད་པར་སྐྱོད་རྒྱུ་ཡིན་ལ།  ལུས་རྩལ་པ་ཕུད་པའི་རང་ལྗོངས་ཀྱི་རྩལ་སློབ་དགེ་རྒན་དང་དེ་མིན་རྣམ་གྲངས་ཀྱི་ལས་དོན་པ་ཇི་ལིན་དུ་སྐྱོད་རྒྱུ་རེད།  གངས་ཤུད་རྣམ་གྲངས་དེ་ལོ་གསུམ་རེར་ཐེངས་གཅིག་བདམས་གསེས་བྱེད་རྒྱུ་དང་ཐེངས་རེར་མི ༣༠ བསྡུ་རྒྱུ་རེད། 
རང་སྐྱོང་ལྗོངས་ལུས་རྩལ་ཅུད་ཀྱི་ཅུད་ཀྲང་ཉི་མ་ཚེ་རིང་གིས་ངོ་སྤྲོད་གནང་བར་གཞིགས་ན།  མཉམ་འབྲེལ་གསོ་སྐྱོང་རྣམ་གྲངས་ནི་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་བོད་ལ་ལུས་རྩལ་གྱི་རྗེས་གྲབས་ཤེས་ལྡན་པ་གསོ་སྐྱོང་བྱེད་རོགས་བྱེད་པའི་འཆར་གཞིའི་ཁྲོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་རྣམ་གྲངས་ཤིག་ཡིན་པ་མ་ཟད།  བོད་ཀྱི་གངས་ཤུད་ཐོན་ཁུངས་དང་ཐེག་ཤུགས་རྣམ་གྲངས་ཀྱི་ཤེས་ལྡན་པའི་ལེགས་ཆ་འདོན་སྤེལ་བྱེད་པའི་བྱ་ཐབས་གསར་པ་ཞིག་ཀྱང་ཡིན།
རང་ལྗོངས་ཀྱིས་སྤྱི་ལོ ༢༠༡༧ ལོར་གངས་ཤུད་རུ་ཁག་བཙུགས་པ་དང་།  རུ་མི་མང་ཆེ་བ་ནི་རི་འཛེག་ཁྱབ་ཁོངས་སོགས་རྣམ་གྲངས་ཁག་ནས་བདམས་ཐོན་བྱས་པ་ཞིག་ཡིན་པ་དང་།  ཉེ་བའི་ལོའི་རིང་།  ཁོ་ཚོས་རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་ཁག་ལ་ཞུགས་པའི་ཁྲོད།  ཚེ་རིང་དགྲ་འདུལ་གྱིས་སྤྱི་ལོ ༢༠༡༨ ལོར་ཨེ་ཤི་ཡའི་གངས་ཤུད་རི་འཛེག་ལེགས་སྐྱེས་འགྲན་བསྡུར་ནང་སྐྱེས་པའི་ལོ་ཆུང་ཚོགས་ཆུང་གི་ཨང་དང་པོ་བླངས་པ་མ་ཟད།  རང་རྒྱལ་རུ་ཁག་གི་ཆེད་སྤྱི་ལོ ༢༠༢༠ ལོར་སུས་ཙེར་བློ་ཙན་དུ་གཉེར་རྒྱུའི་གཞོན་ནུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གངས་ཤུད་རི་འཛེག་གི་སྐྱེས་པའི་རྣམ་གྲངས་ནང་ཞུགས་དབང་ཡང་བརྩོན་ལེན་ཐུབ་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]