ལྷོ་ཁས་ལས་ཞུགས་ལས་གཏོད་ཀྱི་ཕན་འབྲས་ཐོན་པ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-12-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་ཚུན་དུ་ལྷོ་ཁ་གྲོང་ཁྱེར་གྱིས་ལས་ཞུགས་ལས་གཏོད་ལས་ཀའི་བསམ་ཕྱོགས་རྒྱ་ཆེར་གཏོང་བ་དང་།  བྱ་ཐབས་སྣ་ཚོགས་བཟུང་ནས་ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་བཏང་བ་རེད།  སྤྱི་ཟླ ༡༡ པའི་བར་གྲོང་ཁྱེར་དེ་ཡོངས་སུ་སློབ་ཆེན་ལོ་དེ་རང་ལ་ཐོན་པའི་སློབ་མ ༣༡༦༠ ཡོད་པའི་ནང་སློབ་མ ༢༩༥༨ ལས་ཞུགས་ཐུབ་པ་དང་།  སློབ་ཆེན་ཐོན་ཀྱང་དེ་སྔ་ལས་ཞུགས་མ་ཐུབ་པའི་སློབ་མ ༤༩༩༢ ནང་ནས་སློབ་མ ༣༤༡༨ ལས་ཞུགས་ཐུབ་པ་རེད། 
ལྷོ་ཁ་གྲོང་ཁྱེར་གྱིས་མི་རྒྱུན་ཐོན་ཁུངས་ཁྲོད་མཁོ་སྤྲོད་ཕྱོགས་ཀྱི་དོ་མི་སྙོམས་པའི་གནད་དོན་ཐག་གཅོད་ཡག་པོ་བྱ་ཆེད།  ལས་ཞུགས་མཁོ་སྤྲོད་སྟེགས་བུ་ཧུར་ཐག་བསྐྲུན་པ་དང་ད་བར་ཕྱོགས་བསྡུས་གདན་ཞུའི་བྱེད་སྒོ་ཆེ་གྲས ༥ དང་ཆུང་གྲས ༡༥ གཉེར་ནས་ལས་གནས ༩༨༥༤ གསར་སྤེལ་བྱས་པ་མ་ཟད།  སྤྱི་ལོ ༢༠༢༠ ལོའི་ལས་ཞུགས་ལས་གནས ༡༧༦༩ གྲབས་གསོག་བྱས་ཡོད། 
ལྷོ་ཁ་གྲོང་ཁྱེར་གྱིས་རིགས་དབྱེའི་འོས་སྦྱོར་དང་གནད་འཕིགས་འབྲེལ་མཐུད་ཀྱི་རྩ་དོན་གཞིར་བཟུང་།  སློབ་ཆེན་ལོ་དེ་རང་ལ་ཐོན་པའི་སློབ་མ ༣༡༦༠ རྣམས་རིགས་ཆེ་བ ༢༤ དང་རིགས་ཆུང་བ ༣༥༠ ལ་དབྱེ་ནས་གྲངས་གཞིའི་མཛོད་བཟོས་པ་མ་ཟད།  ཁྲོམ་རའི་ཐོག་མི་བེད་སྤྱོད་ཀྱི་དགོས་མཁོར་གཞིགས་ཏེ་གནད་འཕིགས་ངང་མི་དང་ལས་གནས་འབྲེལ་མཐུད་ཐུབ་པ་ཡང་བྱས་ཡོད།  གསར་གཏོད་དང་ལས་གཏོད་མཉམ་འདྲེས།  སྟེགས་བུ་དང་སྲིད་ཇུས་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་།  དམངས་ཀྱིས་བྱ་གཞག་གཏོད་པ་དང་ཀུན་གྱིས་གསར་གཏོད་བྱེད་ཅེས་པར་སྐུལ་འདེད་བཏང་སྟེ། 
གྲོང་ཁྱེར་རིམ་པའི་ཀུན་གཏོད་བར་མཐོངས་དང་ནོར་གྲུབ་དམངས་གཉེར་གསར་གཏོད་བར་མཐོངས་བསྐྲུན་ནས་ཁེ་ལས ༤༦ ལ་བཅའ་སྡོད་བྱས་ཏེ།  སློབ་ཆེན་སློབ་ཐོན་སློབ་མ ༡༦༩ སྣེ་ཁྲིད་བྱས་ནས་ལས་ཞུགས་ལས་གཏོད་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]