བོད་ལྗོངས་ཆུ་བཟང་ཞེས་པའི་ཆེད་དོན་འོས་སྦྱོར་བྱེད་སྒོ་ཧྥུ་ཅན་ཞིང་ཆེན་ཤཱ་མོན་གྲོང་ཁྱེར་དུ་གཉེར།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།         སྤེལ་དུས།   2019-12-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཁྲོམ་ར་སྔོག་འདོན་གཏིང་ཟབ་དང་ཁྱབ་འགྱེད་ནུས་ལྡན་བྱས་ཏེ་བོད་ལྗོངས་ཆུ་བཟང་ཞེས་པའི་སྤུས་རྟགས་ཀྱི་སྙན་གྲགས་ཆོད་ཚད་དང་ཁྲོམ་ར་བཟུང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད།  བོད་ལྗོངས་ཆུ་བཟང་ཞེས་པའི་ཤཱ་མོན་གྱི་ཆེད་དོན་འོས་སྦྱོར་དང་འཛད་སྤྱོད་སྐུལ་འདེད་ཀྱི་བྱེད་སྒོ་ཉེ་དུས་ཧྥུ་ཅན་ཞིང་ཆེན་ཤཱ་མོན་གྲོང་ཁྱེར་དུ་གཉེར་བ་དང་།  འོས་སྦྱོར་ཚོགས་འདུའི་ཐོག  རྣམ་གྲངས ༡༤ ལ་གན་འཇོག་བྱས་པ་དང་ཀྲོན་ཁྲི་ཚོ ༡༡ ཟིན་པའི་བོད་ལྗོངས་ཆུ་བཟང་བྲིན་ཚོང་གི་འདོད་མཐུན་བཞག་ཡོད། 
ཤེས་རྟོགས་བྱས་པར་གཞིགས་ན།  བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་གཏོང་ཤེད་ཆེ་བས་དེང་སྐབས་སྔོན་ཐོན་ཐོན་སྐྱེད་ལག་རྩལ་དང་།  བཟོ་རྩལ་ཚད་ལྡན་གྱི་ཐོན་སྐྱེད་བྱེད་གནས ༤༠ ལྷག་ཙམ་སྐྲུན་ཟིན་པ་དེ་དག་གིས་ཐོན་རྫས་ཀྲོན་ཁྲི་ཚོ ༤༥༠ ལས་བརྒལ་བ་ཐོན་སྐྱེད་ཐུབ་ཀྱི་ཡོད།  ཐོན་ལས་གོང་འཕེལ་ཐད་གཞི་ཁྱོན་རགས་ཙམ་ཆགས་པ་མ་ཟད་ཁྲོམ་ར་བཟུང་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཏེ་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།  གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་རང་བྱུང་འཐུང་ཆུའི་ཐོན་ལས་སྤུས་ལེགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་གཙོ་གནད་ལ་བརྩིས་ཏེ་ཐོན་ཁུངས་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  སྤུས་རྟགས་འཛུགས་སྐྱོང་བྱེད་རྒྱུར་དམ་འཛིན་ནན་པོ་བྱེད་པ།  བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཐོག་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཁྲོམ་རའི་ལེགས་ཆར་འགྱུར་བ་བྱས་ནས།  བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་རང་བྱུང་འཐུང་ཆུ་མཁོ་སྤྲོད་བྱེད་གནས་གལ་ཆེན་ཤིག་ཏུ་སྐྲུན་ཐུབ་པ་བྱེད་རྒྱུ་རེད།། 
  
  
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]