ལྷ་ས་གྲོང་ཁྱེར་གྱིས་དམངས་ཕན་ཚགས་ཤ་འཚོང་བའི་ཁྲོམ་ར་སྤྱི་ཚེས༡༦ནས༢༡ཉིན་བར་གཉེར་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།         སྤེལ་དུས།   2019-12-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷ་ས་གྲོང་ཁྱེར་གྱི་ཤ་རིགས་ཐོན་རྫས་ཀྱི་ཟོག་གོང་ཆུ་ཚད་སྙོམས་སྒྲིག་དང་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་བསྒྱུར་བཅོས་གཏིང་ཟབ་གཏོང་བ།  མི་དམངས་མང་ཚོགས་ལ་ཕན་པ་ཏན་ཏིག་ཡོང་བ་བྱེད་པ།  མི་དམངས་མང་ཚོགས་ཀྱི་ཚགས་ཤའི་དགོས་མཁོ་སྐོང་བ་སོགས་བྱ་ཆེད།  ལྷ་ས་གྲོང་ཁྱེར་གྱིས་ད་ལོའི་དམངས་ཕན་ཚགས་ཤ་ཁྲོམ་རར་མཁོ་འདོན་བྱེད་པའི་བྱེད་སྒོ་སྤྱི་ཟླ་བཅུ་གཉིས་པའི་ཚེས ༡༦ ནས ༢༡ ཉིན་བར་ལྷ་ས་གྲོང་ཁྱེར་འགྲེམས་ཚོགས་ལྟེ་གནས་ཀྱི་ཐང་ཆེན་དུ་སྤེལ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།  ད་རེས་ཀྱི་བྱེད་སྒོའི་ཐོག་དམངས་ཕན་ཚགས་ཤ་རྒྱ་མ་ཁྲི་ཚོ ༣༥ ལྷག་ཙམ་མཁོན་འདོན་བྱེད་རྒྱུ་དང་།  དམངས་ཕན་བྱེད་སྒོ་དེ་ཡག་པོ་གཉེར་ཆེད་ལྷ་ས་གྲོང་ཁྱེར་གྱིས་འདམ་གཞུང་རྫོང་དང་ལྷུན་གྲུབ་རྫོང་།  སྟག་རྩེ་ཆུས།  མལ་གྲོ་གུང་དཀར་རྫོང་།  སྙེ་མོ་རྫོང་བཅས་སྒྲིག་འཛུགས་བྱས་ནས་ཚགས་ཤ་ཕྱིར་འཚོང་བྱེད་རྒྱུ་ཡིན་ཞིང་།  ཚགས་ཤ་སྟོད་སྡེབ་རྒྱ་མ་གང་ལ་སྒོར ༢༩ དང་སྨད་སྡེབ་རྒྱ་མ་གང་ལ་སྒོར ༣༤ བྱེད་རྒྱུ་དང་སྦྲགས།  དཀའ་ངལ་ཡོད་པའི་མང་ཚོགས་ལ་སྟོད་སྡེབ་རྒྱ་མ་གང་ལ་སྒོར ༢༧ དང་སྨད་སྡེབ་རྒྱ་མ་གང་ལ་སྒོར ༣༢ བྱེད་རྒྱུ་རེད། 
ལྷ་ས་གྲོང་ཁྱེར་གྱིས་ད་དུང་འདམ་གཞུང་རྫོང་དང་ལྷུན་གྲུབ་རྫོང་།  སྙེ་མོ་རྫོང་བཅས་ཀྱིས་ལུག་ཤ་ཕྱིར་འཚོང་བྱེད་རྒྱུ་སྒྲིག་འཛུགས་བྱས་ནས་ལུག་ཤ་རྒྱ་མ་གང་ལ་སྒོར ༣༢ ཡིན་པ་དང་།  དམངས་ཕན་ལུག་ཤ་ཁྱོན་རྒྱ་མ ༡༧༠༠༠ ཕྱིར་འཚོང་བྱེད་རྒྱུ་ཕུད་ད་དུང་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཁེ་ལས་དང་།  མཉམ་ལས་ཁང་ ༥ ཡི་ཚགས་ཤ་སྐམ་པོ་དང་སེ་ཕན་དམར་འདུར་སོགས་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་སྒོར་ཞུགས་རྒྱུ་རེད། 
ད་རེས་ཀྱི་ཕྱིར་འཚོང་བྱེད་སྒོའི་ཐོག་ཁྱོན་ཁྲོམ་བཀྱག ༡༡ བཀོད་སྒྲིག་བྱས་ཡོད་པ་དང་།  འདམ་གཞུང་དང་ལྷུན་གྲུབ་རྫོང་གི་ཚགས་ཤ་ཕྱིར་འཚོང་ཁུལ་ཕུད་ད་དུང་ཆེད་མངགས་དཀའ་ངལ་ཡོད་པའི་མང་ཚོགས་ཚོའི་ཚགས་ཤ་ཕྱིར་འཚོང་ཁུལ་དང་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་ཁུལ ༥ བཙུགས་ཡོད།།
  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]