༢༠༢༠ལོའི་དཔྱིད་གསར་འགྲུལ་སྐྱེལ་རིང་ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་འགྲུལ་པ་མི་ཐེངས་ཁྲི་ཚོ༢༢.༤སྐྱེལ་འདྲེན་ཐུབ་པ་བྱ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།         སྤེལ་དུས།   2019-12-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་མེ་འཁོར་འབབ་ཚུགས་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༢༠ ལོའི་དཔྱིད་གསར་དུས་ཆེན་རིང་གི་ལྕགས་ལམ་སྐྱེལ་འདྲེན་སྤྱི་ཟླ་དང་པོའི་ཚེས ༡༠ ནས་སྤྱི་ཟླ ༢ ཚེས ༡༨ ཉིན་བར་སྤེལ་རྒྱུ་ཡིན་པས་ཁྱོན་ཉིན ༤༠ ཡི་རིང་རྒྱུན་མཐུད་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན།  སྤྱི་ལོ ༢༠༢༠ ལོའི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་རིང་ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་འགྲུལ་པ་མི་ཐེངས་ཁྲི་ཚོ ༢༢.༤ སྐྱེལ་འདྲེན་ཐུབ་པ་བྱས་ནས།  ཉིན་རེར་སྐྱེལ་འདྲེན་བྱེད་ཚད་མི་ཐེངས ༥༥༠༠ ཟིན་པ་བྱེད་རྒྱུ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༣ འཕར་བཟོ་ཡོད།  ད་ལོའི་དཔྱིད་གསར་དུས་ཆེན་གོང་གི་སྐྱེལ་འདྲེན་ནང་ཞོར་ལས་རྒྱུགས་མཁན་དང་གཉེན་འཕྲད་བྱེད་མཁན།  སློབ་མ་བཅས་མང་པོ་ཡོད་པ་དེ་དག་གི་ནང་ནས་གཙོ་བོ་ལྷ་ས་ནས་ཁྲེན་ཏུའུ་དང་པེ་ཅིང་།  ཀྲེང་ཀྲའུ་སོགས་ལ་བསྐྱོད་མཁན་ཤ་སྟག་ཡིན་པ་དང་།  ལྷ་སའི་སློབ་མ་སློབ་འགོ་ཚུགས་པའི་དུས་ཚོད་ས་གནས་གཞན་ལས་ཕྱི་བ་ཡོད་པར་བརྟེན་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་དཔྱིད་གསར་སྐྱེལ་འདྲེན་སྔོན་དཔགས་བྱས་ན་སྤྱི་ཟླ ༣ ཚེས ༡༥ ཉིན་གྱི་ཡས་མས་སུ་གཞི་ནས་མཇུག་སྒྲིལ་རྒྱུ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན།  དེང་སྐབས་ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་ཉིན་རེར་འགྲུལ་པ་མི་ཐེངས ༤༩༠༠ ཡས་མས་སྐྱེལ་འདྲེན་བྱེད་ཀྱི་ཡོད་པའི་ནང་།  ཞོར་ལས་རྒྱུགས་མཁན་ཕ་ཡུལ་དུ་ཕྱིར་ལོག་བྱེད་པའི་རིགས་མང་པོ་ཡོད་པ་དང་།  ལྷག་པར་དུ་ཁྲེན་ཏུའུ་ཕྱོགས་སུ་ཐོན་མཁན་འགྲུལ་པས་སྤྱིར་ན་བརྒྱ་ཆ ༩༥ ཡན་ཟིན་ཏེ་ད་ལྟའི་མེ་འཁོར་གཏོང་ཐེངས Z༣༢༤ ཡི་སྤ་སེ་ཅུང་དཀོན་པོ་ཡོད་པས།  ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་རྒྱ་ཆེའི་འགྲུལ་བཞུད་པ་ཚོར་མེ་འཁོར་གཏོང་ཐེངས་དེའི་སྤ་སེ་ཉོ་མཁན་ཡིན་ཚེ་གཟའ་འཁོར་གཉིས་སྔ་སྣུར་དུ་ཉོ་དགོས་པའི་དྲན་སྐུལ་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]