ཆུ་གསུམ་རྫོང་གིས་གླ་ཕོགས་ཆད་འགྱངས་ཀྱི་གྱོད་གཞི་ཐག་གཅོད་བྱས་ཏེ་ཞིང་པ་ལས་མི་ལོ་གསར་དགའ་གཏོང་ཐུབ་རྒྱུ་འགན་སྲུང་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-01-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཆུ་གསུམ་རྫོང་གིས་སྤྱི་ལོ ༢༠༡༩ ལོའི་ཚུན་དུ།  གླ་ཕོགས་ཆད་འགྱངས་བྱས་པའི་གྱོད་གཞི་ཐག་གཅོད་འོས་འཚམས་བྱས་ནས་ངལ་རྩོལ་གྱི་འབྲེལ་བ་བཟང་པོ་ཞིག་ཧུར་ཐག་གཏོད་ཡོད་པ་མ་ཟད།  ཞིང་པ་ལས་མིའི་གླ་ཕོགས་སྤྲོད་པའི་ལས་ཀར་ཕན་འབྲས་རགས་ཙམ་ཐོན་ཐུབ་པ་བྱས་ནས།  ཞིང་པ་ལས་མི་ཚོ་བློ་བདེ་པོའི་ངང་ལོ་གསར་གཏོང་ཐུབ་རྒྱུ་འགན་སྲུང་ཡང་ནུས་ལྡན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  ཆུ་གསུམ་རྫོང་གིས་ལོ་ཧྲིལ་པོར་ཁྱོན་མི་བེད་སྤྱོད་ཚན་པ་སུམ་ཅུར་ཞིབ་བཤེར་བྱས་ནས་ངལ་རྩོལ་གན་རྒྱ ༡༣༩ གསབ་འཇོག་དང་ཞིང་པ་ལས་མིའི་གླ་ཕོགས་ཀྱི་ཁག་ཐེག་དངུལ་སྒོར་ཁྲི ༣༨༥ ལྷག་ཙམ་བཅོལ་གསོག་བྱས་པ་དང་།  ཞིང་པ་ལས་མིའི་གླ་ཕོགས་ཀྱི་ཁག་ཐེག་དངུལ་སྒོར་ཁྲི ༤༨༤ ལྷག་ཙམ་ཕྱིར་སློག་བྱས་པ་དང་སྦྲགས་ཞིང་པ་ལས་མི ༡༥༥ ལ་གླ་ཕོགས་སྒོར་ཁྲི ༨༣ ལྷག་ཙམ་ལེན་རོགས་བྱས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]