您没有安装FlashPlayer或版本太低, 请点击获得最新版本FlashPlayer
རང་སྐྱོང་ལྗོངས་ཀྱིས་སྤྱི་ཟླ་དང་པོའི་ཚེས ༡༥ ཉིན། གྲོང་ཚོར་བཅའ་སྡོད་དུས་ཁག་བརྒྱད་པའི་ལས་ཀའི་ཕྱོགས་བསྡོམས་གཟེངས་བསྟོད་དང་གྲོང་ཚོར་བཅའ་སྡོད་དུས་ཁག་དགུ་པའི་ལས་ཀའི་སྐུལ་སློང་ཚོགས་ཆེན་ལྷ་སར་འཚོགས་པ་དང༌། ལས་བྱེད་པ་ཁྲི ༢ ལྷག་ཙམ་མུ་མཐུད་གྲོང་ཚོ་དང་སྡེ་ཁུལ ༥༤༦༤ རུ་བཅའ་སྡོད་བྱས་ནས་མང་ཚོགས་ལ་བྱ་བ་སྒྲུབ་པ་དང་། དཀའ་གནད་སེལ་རོགས་བྱས་ཏེ་གཞི་རིམ་གྱི་བརྟན་ལྷིང་གོང་འཕེལ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་རེད།
གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཚོ་རང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། གྲོང་ཚོར་བཅའ་སྡོད་དུས་ཁག་བརྒྱད་པའི་ལས་དོན་རུ་ཁག་གིས་དབུལ་སྐྱོར་རྣམ་གྲངས ༡༦༣༥ དང་མ་དངུལ་སྒོར་དུང་ཕྱུར ༡༨.༨༧ བརྩོན་ལེན་བྱས་ནས། དངོས་གཞིའི་དཔལ་འབྱོར ༢༨༨༥ དང་ཆེད་ལས་མཉམ་ལས་ཀྱི་དཔལ་འབྱོར་རྩ་འཛུགས ༧༡༥༦ གསར་འཛུགས་བྱས་པ་དང་། ཞིང་འབྲོག་པ་ཁྲི ༣.༩ གནས་སྤོས་ལས་ཞུགས་ཐུབ་པ་བྱས་པས་སྔ་ཕྱི་བསྡོམས་མང་ཚོགས་ལ་དངུལ་སྨར་ཡོང་འབབ་སྒོར་དུང་ཕྱུར ༤.༥༡ འཕར་སྣོན་ཐུབ་ཡོད།
རང་ལྗོངས་ཀྱིས་སྤྱི་ལོ ༢༠༡༡ ལོའི་ཟླ ༡༠ པ་ནས་བཟུང་། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་འགོ་བཙུགས་ཏེ་རིམ་ཁག་ཏང་སྲིད་ལས་ཁུངས་དང་གཞུང་ཁོངས་ཁེ་ལས། བྱ་གཞག་ཚན་པ། ཀྲུང་དབྱང་ཐད་གཏོགས་བོད་སྡོད་ལས་ཁུངས་སོགས་ནས་སྔ་ཕྱི་བསྡོམས་དུས་ཁག་བརྒྱད་ལ་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཁྲི ༡༧ ལྷག་ཙམ་འདེམས་མངག་བྱས་ཡོད་པ་དང༌། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཀྱང་གཞི་རིམ་དུ་གཞི་ཚུགས་པ་དང་འཐབ་ཕྱོགས་དང་པོར་འབད་འཐབ་བྱས་པས། ཏང་དང་མང་ཚོགས་ཀྱི་འབྲེལ་ཟམ་ལྟ་བུར་གྱུར་བ་མ་ཟད་གྲོང་ཚོར་བཅའ་སྡོད་བྱས་པ་བརྒྱུད་ལས་བྱེད་པའི་ལས་ཀའི་སྤྱོད་ཚུལ་བཟང་པོར་ཡང་ཞུན་བརྡར་ཐེབས་ཡོད།།