ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སྐོང་ཚོགས་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-01-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སྐོང་ཚོགས་བྱས་ཏེ།  སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པའི་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང༌།  ཀྲུའུ་ཞི་དབང་ཡང་གི་འབྲེལ་ཡོད་གསུང་བཤད་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་གཙོ་བོ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང་།  རྒྱལ་ཡོངས་འཐབ་ཕྱོགས་གཅིག་འགྱུར་པུའི་ཚོགས་འདུའི་དགོངས་དོན་དང་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་ཚོགས་འདུའི་དགོངས་དོན།  རྒྱལ་ཡོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་གྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད།  ཀྲུང་དབྱང་གི་དབུལ་གྲོལ་འགག་སྒྲོལ་ཆེད་དོན་སྐོར་ཞིབ་ཀྱི་ཕྱིར་མིག་ལྟ་བ་དང་ཞིང་ཆེན་དབར་གྱི་སྤེལ་རེས་དཔྱད་ཞིབ།  ནོར་སྲིད་མ་དངུལ་གྱི་བྱས་འབྲས་དཔྱད་ཞིབ།  ཕྱོགས་གསུམ་པའི་དཔྱད་ཞིབ་བཅས་ཀྱི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་ཞུ་ཉན་པ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་ནས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པའི་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང༌།  བློ་བརྟན་འགྱུར་མེད་བཞི་དང་རྒྱུན་འཁྱོངས་བཞིའི་ཕུན་སུམ་ཚོགས་པའི་ནང་དོན་དང་གལ་ཆེའི་ལས་དོན་དྲུག་གི་བླང་བྱར་གོ་བ་གཏིང་ཟབ་བླངས་ནས།  སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་བསམ་བློ་དང་བྱ་སྤྱོད་གཅིག་འགྱུར་ཡོང་བ་བྱས་ཏེ།  ངེས་པར་དུ་རྒྱུན་ཆད་མེད་པར་རང་ངོས་གསར་བརྗེ་བྱེད་དགོས་པའི་བླང་བྱ་བློ་ལ་བརྟན་པོར་ངེས་ནས།  མཚམས་མེད་རྒྱུན་འཁྱོངས་ཀྱི་སྙིང་རུས་ཐོག་ནས་རུལ་སུངས་ལ་ངོ་རྒོལ་འཐབ་རྩོད་བྱེད་པའི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་གོང་འཕེལ་བཏང་སྟེ།  ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་བྱས་ཡོད།

ཚོགས་འདུའི་ཐོག་ཀྲུའུ་ཞི་དབང་ཡང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ།  རིག་པ་དྭངས་གསལ་ངང་བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པ།  འགྲན་རྩོད་གསར་པ་བཅས་ལ་ངོས་འཛིན་གང་ལེགས་ཐུབ་པ་བྱེད་པ་དང༌།  རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་དང་ཉེན་ཁ་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་གཏོང་བ།  འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ།  ཆུ་མ་ཤོར་གོང་ནས་རགས་རྒྱག་པའི་རྩ་དོན་ཐོག་ནས་ལས་ཀ་བྱེད་པ།  སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ།  དབུལ་གྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་གཏོང་བ་བཅས་བྱས་ཏེ།  དུས་རབས་གསར་པར་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་བཏོན་ཡོད།

ཚོགས་འདུའི་ཐོག་རང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་འགྱུར་ལས་ཀར་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་པ་དང་སྦྲགས།  ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་དང་ལྷག་པར་དུ་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་དེའི་ཁོངས་གཏོགས་ལས་ཁུངས་ཀྱིས་བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་ས།  འགོ་འཛུགས་ས་དང་དོན་ལ་བབ་སར་དམ་འཛིན་ཡག་པོ་བྱས་ཏེ།  ཐུན་མོང་ཐོག་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་སྤེལ་གཏོང་རྒྱུ་དང་།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་སྤེལ་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག་རང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་པ་དང་སྦྲགས།  ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་འཐབ་ཕྱོགས་ཀྱིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་ཚོགས་འདུའི་བཀོད་སྒྲིག་ལ་གཞིགས་ནས་བསམ་བློའི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་རྒྱུན་སྲིང་སྲ་བརྟན་བཏང་སྟེ།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུས་རྩ་བའི་དགོངས་གཞི་བྱས་ནས།  དབུལ་གྲོལ་འགག་སྒྲོལ་གྱི་གསོན་ཉམས་ལྡན་པའི་བསླབ་གཞི་དེ་བེད་སྤྱོད་གང་ལེགས་བྱེད་པ་དང་།  བོད་ཀྱི་གཏམ་རྒྱུད་ཡག་པོ་གླེང་བ།  བོད་ཀྱི་སྐད་སྒྲ་བཟང་པོ་བརྒྱུད་སྤེལ་བྱེད་པ་བཅས་བྱས་ནས།  མི་རིགས་ཁག་གི་མང་ཚོགས་ལ་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ་དང༌།  ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་དྲིལ་བསྒྲགས་བསམ་བློ་འཐབ་ཕྱོགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་སྤེལ་ཏན་ཏིག་བཏང་ནས།  དྲིལ་བསྒྲགས་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེ་འཛུགས་དགོས་པའི་ནན་བཤད་བྱས་ཡོད།

ཚོགས་འདུའི་ཐོག་ཀྲུང་དབྱང་ཆེད་དོན་སྐོར་ཞིབ་དང་དཔྱད་ཞིབ་ཁག་ཁྲོད་ནས་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་བྱས་ཏེ།  ནུས་ཤུགས་གང་ཡོད་ཐོག་ནས་གྲོན་ཆུང་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་བློ་སྐྱོར་ལས་དོན་ཡག་པོ་སྤེལ་ཏེ།  དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་ལོ་རྒྱུས་དང་མི་དམངས་ཀྱི་ཚོད་བསྒམ་ཐེག་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད།

ཚོགས་འདུའི་ཐོག་འབྲེལ་ཡོད་གཟེངས་བསྟོད་བྱ་བར་ཞིབ་འཇུག་བྱས་པ་དང་སྦྲགས།  གཞི་རིམ་ལ་མཐོང་ཆེན་བྱས་ནས་དཔེ་མཚོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ།  ཁྲིད་ཕྱོགས་སྔར་བས་ཆགས་པ་བྱེད་པ་དང༌བསྡུར་སློབ་སྙེག་རྒལ་གྱི་རྣམ་པ་བཟང་པོ་ཆགས་པ་བྱས་།  མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་དུས་རབས་གསར་པར་མདུན་སྐྱོད་བྱེད་པའི་མཉམ་ཤུགས་ཆེ་མོ་འདོན་སྤེལ་བྱེད་དགོས་པའི་ནན་བཤད་བྱས་ཡོད།  ཚོགས་འདུའི་ཐོག་དེ་མིན་བྱ་བར་ཞིབ་འཇུག་བྱས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]