དབང་ཧའེ་ཀྲའུ་དང་བཅས་པས་ལྷ་སའི་གྲོང་ཁུལ་དུ་དཔྱིད་གསར་དུས་ཆེན་རིང་གི་སྐྱེལ་འདྲེན་ལས་ཀར་ལྟ་སྐུལ་མཛུབ་ཁྲིད་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-01-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། དཔྱིད་གསར་དུས་ཆེན་རིང་གི་སྐྱེལ་འདྲེན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དབང་ཧའེ་ཀྲའུ་ཡིས་འགོ་ཁྲིད་ཚོགས་ཆུང་གི་ཁོངས་གཏོགས་ཚན་པ་ཁག་གི་འབྲེལ་ཡོད་འགན་ཁུར་བའི་སྣེ་འཁྲིད་དེ།  ལྷ་སའི་གྲོང་ཁུལ་དུ་དཔྱིད་གསར་དུས་ཆེན་རིང་གི་སྐྱེལ་འདྲེན་ལས་ཀར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད།

ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་གྲོང་ཁུལ་གྱི་གཙོ་གནད་སྐྱེལ་འདྲེན་གཉེར་སྐྱོང་འཁོར་རིགས་དྲ་སྦྲེལ་མཉམ་སྡོམ་ལྟེ་གནས་དང་བྱང་འདབས་འགྲུལ་སྐྱེལ་ས་ཚུགས།  ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་བཀོད་འདོམས་ལྟེ་གནས་བཅས་སུ་བསྐྱོད་དེ།  དཔྱིད་གསར་དུས་ཆེན་རིང་གི་སྐྱེལ་འདྲེན་ལས་ཀའི་སྙན་ཞུ་ཉན་པ་དང༌།  སྤ་སེ་ཉོ་སྒྲུབ་དང་སྤ་སེ་ཕྱིར་འཚོང༌།  བདེ་འཇགས་ཞིབ་བཤེར།  རླངས་འཁོར་ལ་བཞུགས་པ་སོགས་ཀྱི་གནས་ཚུལ་ཞིབ་བཤེར་བྱས་པ་མ་ཟད།  འགྲུལ་སྐྱེལ་བྱེད་གནས་དང་སྐྱེལ་འདྲེན་སྒྲིག་བཀོད་སྒྲིག་ཆས་སོགས་ཀྱི་འཕྲོད་བསྟེན་དང་རིམས་འགོག་གནས་ཚུལ་ལ་ལྟ་ཞིབ་བྱས་པ་རེད།

ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ནས།  གྲོང་ཁྱེར༼ ས་ཁུལ ༽ཁག་གི་འབྲེལ་ཡོད་ཚན་པས་འཐུས་སྒོ་ཚང་བའི་ལས་ཀའི་སྔོན་ཇུས་བཟོས་ཏེ་བདེ་འཇགས་ཨང་དང་པོར་འཇོག་རྒྱུ་མངོན་ཆེར་འཛིན་པ་དང་།  སྐྱེལ་འདྲེན་སྟོབས་ཤུགས་བཀོད་སྒྲིག་ལེགས་པོ་བྱས་ཐོག་ཞབས་ཞུ་བྱེད་སྟངས་གསར་གཏོད་བྱས་ནས།  འགྲུལ་པར་ཞབས་ཞུ་སྤུས་དག་སྒྲུབ་དགོས་པ་དང༌།  ལྗོངས་ཡོངས་སུ་དཔྱིད་གསར་དུས་ཆེན་རིང་གི་ལས་དོན་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པ་བྱས་ཏེ།  ལྗོངས་ཡོངས་ཀྱི་མི་དམངས་ཚོ་དགའ་བདེ་འཆམ་མཐུན་གྱི་ལོ་གསར་ཞིག་གཏོང་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]