རང་སྐྱོང་ལྗོངས་ཤེས་དཔལ་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-01-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་ཤེས་དཔལ་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ་དང་པོའི་ཚེས ༡༧ ཉིན་ཚང་འཛོམས་ཚོགས་འདུ་འཚོགས་ཏེ།  དུས་རབས་གསར་པའི་སྤྱི་དམངས་ཀུན་སྤྱོད་འཛུགས་སྐྱོང་གི་ལག་བསྟར་རྩ་འཛིན་དང་།  དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་ལག་བསྟར་རྩ་འཛིན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང༌།  བོད་རང་སྐྱོང་ལྗོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་ཚོད་ལྟའི་ཁུལ་འཛུགས་སྐྱོང་རྒྱ་སྐྱེད་གཏིང་ཟབ་ཀྱི་ལག་བསྟར་ཇུས་གཞིར་གྲོས་ཞིབ་བྱས་པ།  སྤྱི་ལོ ༢༠༡༩ ལོའི་ལྗོངས་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་ཀའི་ཕྱོགས་བསྡོམས་དང་སྤྱི་ལོ ༢༠༢༠ ལོའི་ལས་ཀའི་འཆར་གཞི་བརྒྱུད་བསྒྲགས་བྱས་པ།  རྒྱལ་ཡོངས་ཤེས་དཔལ་གཞུང་ལས་ཁང་གི་ཀྲུའུ་རེན་ཚོགས་འདུའི་དགོངས་དོན་གནད་བསྡུས་ཡིག་ཐོག་ནས་བརྡ་ཁྱབ་བཏང་བ།  དུས་བབ་ཀྱི་ལས་འགན་ལ་དབྱེ་ཞིབ་བྱས་པ་དང་གོམ་སྟབས་རྗེས་མའི་ལྗོངས་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་བཀོད་སྒྲིག་བྱས་པ་བཅས་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཤེས་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཏེང་གཡས་ཤན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང༌།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་ཚོགས་འདུར་ཕེབས་ཡོད།

ཏེང་གཡས་ཤན་ནས།  རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་འཆར་འགོད་དང་རིག་གནས་དར་རྒྱས་ཆེད་དོན་འཆར་གཞི་ལག་བསྟར་ཤུགས་ཆེན་བྱས་ཏེ།  མང་ཚོགས་ཀྱི་རིག་གནས་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ནས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་རྒྱུན་མཐུད་སྐོང་དགོས་པ་དང༌།  སྤྱི་པའི་ཀུན་སྤྱོད་འཛུགས་སྐྱོང་ལས་གཞི་ལག་ལེན་ཤུགས་ཆེན་བསྟར་ཏེ་ཕུགས་བསམ་དང་དད་སེམས།  རིན་ཐང་གི་འདུ་ཤེས།  ཀུན་སྤྱོད་ཀྱི་ལྟ་བ་བཅས་ཐད་ནས་རྒྱ་ཆེའི་མང་ཚོགས་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱེད་དགོས་པ།  ཤེས་དཔལ་ལྡན་པའི་གྲོང་ཁྱེར་དང་།  གྲོང་ཚོ་དང་གྲོང་རྡལ།  ཚན་པ།  ཁྱིམ་ཚང༌།  སློབ་གྲྭ་བཅས་གཏོད་པའི་ལས་ཀར་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱེད་དགོས་པ།  ཡ་རབས་ཀྱི་འགྲིམ་འགྲུལ་དང་ཡུལ་སྐོར་སོགས་ཤེས་དཔལ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་མང་ཚོགས་རྒྱ་ཁྱབ་ངང་དེའི་ནང་ཞུགས་རྒྱུར་ཡིད་འགུག་བྱས་ཏེ།  སྤྱི་ཚོགས་ཕྱོགས་ཡོངས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཁྲོད་མང་ཚོགས་ཀྱིས་རང་ངོས་སློབ་གསོ་དང་རང་ངོས་མཐོར་གཏོང་ཡོང་བ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]