ཀྲོང་ཡན་གྱིས་ལྗོངས་འཕེལ་བསྒྱུར་ཨུ་ལྷན་དུ་ལས་དོན་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-01-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་འཕེལ་བསྒྱུར་ཨུ་ལྷན་དུ་ཕེབས་ཏེ།  ལས་བྱེད་ལས་བཟོ་པར་གཟིགས་པ་དང་འཚམ་འདྲི་གནང་བ་མ་ཟད།  འགན་ནུས་ཁྲུའུ་དང་གཞུང་ལས་ཁང་ཁག་གི་འཁོར་རྒྱུག་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་།  རང་ལྗོངས་ཀྱི་སྤྱི་ལོ ༢༠༢༠ ལོའི་འཕེལ་བསྒྱུར་ལས་དོན་ཁག་ལ་སླར་ཡང་སྐུལ་སློང་དང་བཀོད་སྒྲིག་ཀྱང་གནང་བ་རེད།

ཀྲོང་ཡན་ནས་སྤྱི་ལོ ༢༠༢༠ ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་རེད་ལ།  ལོ་ལྔ་ཚན་བཅུ་བཞི་པའི་འགོ་ཡག་པོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་འདིང་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ།  དམིགས་ཚད་དང་དམ་པོར་བསྟུན་ནས་དོན་འཁྱོལ་དམ་འཛིན་བྱེད་པ་དང་།  སྤྱི་ལོ ༢༠༢༠ ལོའི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ཀྱི་དམིགས་ཚད་ལས་འགན་ཁག་ལ་དམིགས་ཏེ།  ལས་འགན་ཁག་བགོས་ཞིབ་ཕྲ་དང་འགན་འཁྲི་ཁག་བགོས་ཁ་གསལ།  རྗེས་སྙེགས་དཔྱད་ཞིབ་དམ་འཛིན་བཅས་བྱས་ནས་ལས་དོན་ཁག་ལེགས་སྒྲུབ་ཡག་པོ་བྱེད་དགོས་པ་དང༌།  གཙོ་གནད་ལ་དམིགས་ནས་དོན་འཁྱོལ་དམ་འཛིན་བྱས་ཏེ་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་བཟོ་སྒྲིག་དང་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན།  ཚོང་འགུགས་མ་འདྲེན།  དམངས་འཚོ་ལེགས་བཅོས་སོགས་ཐད་ཐབས་ཇུས་འདོན་པ་དང་ཕན་འབྲས་ཐོན་པ་བྱེད་དགོས་པ།  སྤུས་ཚད་ལ་དམིགས་ཏེ་དོན་འཁྱོལ་དམ་འཛིན་བྱས་ནས་ལས་ཀའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ཐད་ཤུགས་སྣོན་རྒྱག་དགོས་པ།  ཕན་འབྲས་ལ་དམིགས་ཏེ་དོན་འཁྱོལ་དམ་འཛིན་བྱས་ཐོག་ལས་ཀའི་མྱུར་ཚད་དང་དུས་བཀག་ལ་དམིགས་ནས་ལས་དོན་ཁག་སྔ་སྣུར་དུ་སྒྲུབ་དགོས་པ།  འགན་འཁྲིར་དམིགས་ཏེ་དོན་འཁྱོལ་དམ་འཛིན་བྱས་ནས་མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མས་འགན་འཁྲི་འཁུར་བའི་ལས་ཀའི་རྣམ་པ་ཆགས་པ་བྱེད་དགོས་པ།  ཕན་འབྲས་ལ་དམིགས་ནས་དོན་འཁྱོལ་དམ་འཛིན་བྱེད་པ་དང་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཅིག་འདོམས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ལེགས་གོང་འཕེལ་དང་སྤྱི་ཚོགས་སྤྱི་ཡོངས་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]