རང་སྐྱོང་ལྗོངས་ཀྱིས་སྤྱི་ལོ༢༠༢༠ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་ཚོགས་འདུ་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-01-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་ཀྱིས་སྤྱི་ཚེས ༡༨ ཉིན་གྱི་ཕྱི་དྲོ།  སྤྱི་ལོ ༢༠༢༠ ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་ཚོགས་འདུ་ལྷ་སར་འཚོགས་པ་དང༌།  རང་སྐྱོང་ལྗོངས་ཀྱི་ཏང་སྲིད་དམག་གི་དབུ་ཁྲིད་དང༌།  མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་མཇལ་དར་སྒྲོན་རེས་དང་སྨོན་འདུན་ཞུ་རེས་གནང་ཞིང༌མཛའ་གྲོགས་དང་གོང་འཕེལ་སྐོར་གླེང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བཅས་ཚོགས་འདུར་ཕེབས་ཡོད་པ་དང༌།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་གཞོན་པ་ཐུབ་བསྟན་འཕྲིན་ལས་རྣམ་གཉིས་ཀྱིས་ཤིས་ཚིག་བསྒྲོན་གནང་ཞིང༌།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས་མཉམ་སྤྲོའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་བསྟན་ཁོ་དང་ཅང་ཅེ།  སྤེན་པ་བཀྲ་ཤིས་སོགས་མཉམ་སྤྲོའི་ཚོགས་འདུར་ཕེབས་ཡོད།
ཆེ་དགྲ་ལྷས་ཤིས་ཚིག་བསྒྲོན་སྐབས།  རང་སྐྱོང་ལྗོངས་ཏང་ཨུད་དང་མི་དམངས་འཐུས་ཚོགས།  སྲིད་གཞུང༌།  སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་དུས་ཡུན་རིང་པོའི་ནང་བོད་ཀྱི་བསྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ནང་ལེགས་སྐྱེས་ཕུལ་མཁན་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་དང་མི་དམངས་བུ་ཕྲུག་དམག  དབུ་ཁྲིད་དང་བློ་མཐུན་རྒན་གྲས།  སྔོན་གཤེགས་དཔའ་བོའི་ནང་མི།  ཕུལ་བྱུང་མཚན་སྙན་ཐོབ་མཁན།  གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་ལས་བཟོ།  རྒྱ་ཆེའི་རྒྱལ་གཅེས་མི་སྣ་དང་བོད་སྐྱོར་ཤེས་ལྡན་ལས་བྱེད་པ།  ཚུར་ལོག་བོད་རིགས་སྤུན་ཟླ།  བཟོ་ཚོང་ལས་རིགས་ཀྱི་མི་སྣ།  གཞོན་ནུ།  སློབ་མ་བཅས་དང༌།  བོད་ཀྱི་ལས་དོན་ཁག་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོ་བཅས་ལ་ལོ་གསར་པའི་འཚམ་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་བ་རེད།
ཆེ་དགྲ་ལྷས།  དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ་ང་ཚོས་བོད་ལ་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་བྱ་གཞག་ཐད་རྩ་ཆེའི་ཚེ་སྲོག་སྐྱེས་སུ་ཕུལ་མཁན་གྱི་སྔོན་གཤེགས་དཔའ་བོ་གྲངས་ལས་འདས་པར་རྗེས་དྲན་ཞུ་རྒྱུ་དང༌།  ང་ཚོས་མི་རབས་ནས་མི་རབས་བར་འཛམ་གླིང་ཡང་རྩེར་ལང་ཚོ་སྐྱེས་སུ་ཕུལ་མཁན་གྱི་གསར་འབྱེད་པ་དང་འཛུགས་སྐྲུན་པར་དེ་བས་ཐུགས་རྗེ་ཆེ་ཞུ་རྒྱུ།  ང་ཚོས་རྒན་རབས་ཚོས་བཞག་གནང་བའི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་གཞུང་ལམ་གཉིས་ཀྱི་སྙིང་སྟོབས་ལ་སྔར་བས་གཅེས་སྤྲད་བཅས་བྱས་ནས།  ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པར་འཆང་ནས་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་སྟེ།  བོད་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཟམ་མི་ཆད་པ་གཏོང་དགོས་ཀྱི་རེད་ཅེས་གསུངས།

ཆེ་དགྲ་ལྷས།  སྤྱི་ལོ ༢༠༢༠ ལོ་ནི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་པས་ང་ཚོས་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱས་ཏེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་བསྒྲུབ་རྒྱུ་རེད།  ལོ་གསར་པའི་ནང་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང༌།  ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་གཙོས་པའི་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་དབུ་ཁྲིད་འོག་དུས་ཚོད་འཕྲོ་བརླག་མ་བཏང་བར་འཕྱར་བ་གྲུ་འདེགས་ངང་རྒྱུན་མཐུད་འབད་འཐབ་བྱས་ཏེ།  དུས་རབས་གསར་པའི་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྒྱལ་ཁའི་གླུ་དབྱངས་གསར་པ་རྩོམ་དགོས་ཞེས་གསུངས།

ཐུབ་བསྟན་འཕྲིན་ལས་ཀྱིས་བོད་སྡོད་དཔུང་སྡེའི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཡོངས་ཀྱི་ཚབ་ཞུས་ནས།  ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དུས་ཆེན་གྱི་འཚམ་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་ཞུས་གནང་བ་དང་སྦྲགས།  སྤྱི་ལོ ༢༠༢༠ ལོར་ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ།  ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང༌།  མི་རིགས་ཁག་གི་མང་ཚོགས་བཅས་དང་མཉམ་དུ་འཕྱར་བ་གྲུ་འདེགས་དང་དཀའ་སྤྱད་འབད་བརྩོན།  འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་འབད་བརྩོན་དང་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

དེ་རྗེས་ཝུའུ་དབྱིང་ཇེ་དང་བློ་བཟང་རྒྱལ་མཚན།  ཆེ་དགྲ་ལྷ།  ཏིང་གཡས་ཤན།  ཀྲོང་ཡན་སོགས་དབུ་ཁྲིད་བློ་མཐུན་གྱིས་ཚང་མ་དང་ལྷན་དུ་འཁྲབ་སྟོན་གཟིགས་གནང་བ་རེད། །

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]