ཏིང་གཡས་ཤན་གྱིས་དགའ་ལྡན་དགོན་པར་བཅའ་སྡོད་ལས་བྱེད་པ་དང་དགེ་འདུན་པ་བཅས་ལ་འཚམ་འདྲི་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-01-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་གཡས་ཤན་དགའ་ལྡན་དགོན་དུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་།  དགོན་སྡེ་དོ་དམ་ལ་ཤུགས་སྣོན་གསར་གཏོད་སོགས་ཀྱི་འབྲེལ་ཡོད་ལས་ཀར་ལྟ་སྐུལ་ཞིབ་བཤེར་གནང་བ་རེད།  དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་སྤྱི་བདེ་མི་དམངས་ཉེན་རྟོག་པ།  དྲག་ཆས་ཉེན་རྟོག་གི་དཔོན་དམག  མེ་ཟོན་མི་སྣ།  དགོན་སྡེའི་དགེ་འདུན་པ་བཅས་ལ་གཟིགས་པ་དང་འཚམ་འདྲི་གནང་ནས་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བ་རེད།   

ཏིང་གཡས་ཤན་གྱིས་རིམ་ཁག་བརྟན་ལྷིང་སྲུང་སྐྱོང་གི་ལས་སྒྲུབ་སྟོབས་ཤུགས་དང་དགོན་སྡེའི་དགེ་འདུན་པའི་ཁྲོད་ཕེབས་ནས་ཁོང་ཚོ་དང་བྱམས་བརྩེའི་བཀའ་མོལ་གནང་སྐབས།  དུས་ཡུན་རིང་པོའི་ནང་ཚང་མས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་ལག་བསྟར་བྱས་ཏེ།  ཆོས་ལུགས་འཆམ་མཐུན་དང་བསྟན་དོན་ལམ་ལྷོངས་བཅས་ཡོང་བ་དང་།  རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་གསུངས། 
ཏིང་གཡས་ཤན་ནས་རིམ་ཁག་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ནུས་ཤུགས་གང་ཡོད་ངང་དོན་འཁྱོལ་དམ་འཛིན་བྱེད་པ་དང་།  ཆོས་ལུགས་འཆམ་མཐུན་གྱི་ལས་དོན་ཏན་ཏིག་སྒྲུབ་ཐོག་ཕྱར་བ་གྲུ་འདེགས་ངང་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་མུ་མཐུད་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ།  རིམ་ཁག་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་དང་རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པས་ཆོས་ལུགས་ལས་རིགས་མི་སྣར་དཀའ་གནད་སེལ་རོགས་བྱེད་པ་དང་།  ཆོས་ལུགས་བྱ་བར་ཁྲིམས་ལྟར་དོ་དམ་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ།  གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོ་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་པ་བྱེད་དགོས་པ།  རྒྱ་ཆེའི་གྲྭ་བཙུན་ཚོས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་བོད་བརྒྱུད་ནང་བསྟན་འདི་ཉིད་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམས་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པ།  དད་ལྡན་མང་ཚོགས་ཚོས་སེམས་ནུས་གཙོ་བོ་ཐོན་སྐྱེད་གོང་འཕེལ་དང་འཚོ་བ་ལེགས་བཅོས་བྱེད་རྒྱུའི་ཐད་འཇོག་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ།  དགོན་སྡེར་བཅའ་སྡོད་སྟོབས་ཤུགས་ཁག་གིས་སྤྱི་པའི་བདེ་འཇགས་ལྟ་འདོམས་ལ་དམ་འཛིན་ཡག་པོ་བྱས་ཐོག་མེ་སྐྱོན་གྱི་རྐྱེན་རྩ་སེལ་བ་དང་གཙོ་གནད་ཁུལ་གྱི་བདེ་འཇགས་ཞིབ་བཤེར་སོགས་ཀྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས།  མི་དམངས་མང་ཚོགས་ཚོའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས།  སྤྱི་ཚོགས་བདེ་འཇགས་བཅས་སྤྱི་ཡོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།   

འཚམ་འདྲི་གནང་རིང་ཏིང་གཡས་ཤན་ད་དུང་རྒྱ་ཆེའི་མང་ཚོགས་ཁྲོད་ཕེབས་ནས་འཚོ་བའི་འགྱུར་ལྡོག་སྐོར་བཀའ་འདྲི་གནང་བ་རེད།། 
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]