ཆེ་དགྲ་ལྷས་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་རྒན་གྲས་སོགས་ལ་འཚམ་འདྲི་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-01-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་འདིར།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་རྒན་གྲས།  བོད་བསྐྱོད་བློ་མཐུན་རྒན་གྲས།  རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་པ་དང་ཁོང་ཚོའི་རྗེས་རབས་པ་བཅས་ལ་འཚམ་འདྲི་གནང་ནས།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཁོང་ཚོར་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་འཆི་མེད་རིག་འཛིན་དང་བཀྲ་ཤིས་ཟླ་བ་འཚམ་འདྲི་གནང་སྐབས་ལྷན་དུ་ཕེབས་ཡོད། 
ཆེ་དགྲ་ལྷས་སྔ་རྗེས་སུ་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་བྱེད་པ་ཝང་གྲེང་ཇལ་དང་བོད་བསྐྱོད་བློ་མཐུན་རྒན་གྲས་དབང་སྒྲོལ།  རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་བྲག་འཇམ་དཔལ་བློ་བཟང་།  རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་པུའི་རྣམ་རྒྱལ་དབང་ཕྱུག་གི་རྗེས་རབས་པ་བཅས་ལ་གཟིགས་པ་དང་འཚམ་འདྲི་གནང་ནས་ཁོང་ཚོའི་འཚོ་བ་དང་ཁྱིམ་ཚང་གི་གནས་ཚུལ་སོགས་བཀའ་འདྲི་གནང་བ་དང་སྦྲགས།  ལས་བྱེད་རྒན་གྲས་དང་བློ་མཐུན་རྒན་གྲས།  རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་པ་བཅས་ནི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་དཔང་པོ་དང་ཐེ་ཞུགས་པ།  གསར་གཏོད་པ་བཅས་ཡིན་པ་དང་།  ཁྱེད་རྣམ་པས་བོད་ཞི་བས་བཅིངས་འགྲོལ་དང་དམངས་གཙོ་བཅོས་བསྒྱུར།  ཟིང་འཁྲུག་ཞོད་འཇགས།  སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བཅས་ལོ་རྒྱུས་ཀྱི་དུས་མཚམས་ཁག་ནང་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པས་ཏང་དང་མི་དམངས་ཚོས་ཁྱེད་རྣམས་ནམ་ཡང་བརྗེད་མི་སྲིད་ཅེས་གསུངས། 
ཆེ་དགྲ་ལྷས་ལོ་གསར་པའི་ནང་ལས་བྱེད་རྒན་གྲས་དང་བློ་མཐུན་རྒན་གྲས།  རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་པ་བཅས་ཀྱིས།  ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀར་སྔར་རྒྱུན་བཞིན་ཐུགས་འཁུར་དང་རྒྱབ་སྐྱོར་གནང་སྟེ་རྩ་ཆེའི་གྲོས་འཆར་མང་ཙམ་འདོན་རྒྱུའི་རེ་བ་ཡོད་ལ།  རིམ་ཁག་ཚན་པ་ཁག་ནས་བློ་མཐུན་རྒན་གྲས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་དོན་སྙིང་གལ་ཆེན་ལ་ཡང་ངོས་འཛིན་གཏིང་ཟབ་བྱས་ཐོག  ཁོང་རྣམ་པར་བརྩི་བཀུར་དང་སེམས་འཁུར་མང་ཙམ་བྱས་
ནས་ཕན་པ་ལྡན་པའི་བྱ་ཐབས་མང་ཙམ་བཏོན་ཏེ།  བློ་མཐུན་རྒན་གྲས་ཚོས་རང་རྟོགས་རང་མོས་དང་ནུས་པས་ཆོག་ཚོད་ཀྱི་རྨང་གཞིའི་ཐོག་མུ་མཐུད་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཀྱི་རེད་ཅེས་གསུངས།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]