སྤྱི་ལོ༢༠༡༩ལོར་རང་ལྗོངས་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-01-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་གཅིག་འགྱུར་ཞིབ་རྩིས་བརྒྱབ་པ་བརྒྱུད།  སྤྱི་ལོ ༢༠༡༩ ལོར་རང་ལྗོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར ༡༩༥༠༠ ལྷག་ཙམ་ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༢.༨ འཕར་ཡོད་པ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཀྱི་ཡོད་པ་དང་།  ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར ༡༦༩༧.༨༢ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༨.༡ འཕར་ཡོད་པ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཀྱི་ཡོད།
ཞིང་འབྲོག་ལས་ནི་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་གལ་ཆེའི་ནང་གི་གལ་ཆེན་ཞིག་ཡིན་པ་དང་གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི་ཐོན་འཕར་འབབ་འཕར་དང་ཐད་ཀར་འབྲེལ་བ་ཡོད།  སྤྱི་ལོ ༢༠༡༩ ལོར་རང་ལྗོངས་ཀྱིས་ལོ་འཁོར་མོར་ཞིང་ལས་དང་ནགས་ལས།  འབྲོག་ལས།  ཉ་ལས་བཅས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར ༢༡༢.༨ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༨.༩ འཕར་ཡོད་པ་དང་།  ལོ་འཁོར་མོའི་འབྲུ་རིགས་ཐོན་འབབ་རགས་རྩིས་བརྒྱབ་པར་གཞིགས་ན་ཀྲོན་ཁྲི་ཚོ ༡༠༥ ཟིན་ཡོད་པ།  བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་བྱུང་བ་དང་གཉེར་སྐྱོང་ཡོང་འབབ་ཀྱི་འཕར་སྣོན་མྱུར་ཚད་ཅུང་མགྱོགས་པོ་ཡོད་པ།  ལོ་འཁོར་མོར་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར ༡༣༡.༧༢ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༥.༡ འཕར་ཡོད་པ།  ལོ་འཁོར་མོར་སྤྱི་ཚོགས་འཛད་སྤྱོད་དངོས་པོ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར ༦༤༩.༣༣ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༨.༧ འཕར་ཡོད་པ་དང་རྒྱལ་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས ༠.༧ གྱིས་མཐོ་བ་ཡོད་པ་བཅས་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]