ཅང་ཅེས་རིམས་ནད་འགོག་ཟོན་ཁྲོད་ལས་འགོ་བསྐྱར་འཛུཌ་དང་ཐོན་སྐྱེད་སླར་གསོ་འཐུས་ཤོར་མི་ཡོང་བ་བྱེད་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཡིས།  བོད་ལྗོངས་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་ཀྱི་རྣམ་གྲངས་འཛུགས་སྐྲུན་དང་།  བོད་ལྗོངས་གནམ་ས་འབྱུང་འཕྲོད་འཐུང་ཆུ་གོང་འཕེལ་ཚད་ཡོད་ཀུང་སིར་ཕེབས་ནས་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་གནས་ཚུལ་དང་ཁེ་ལས་ཀྱི་ལས་ཀ་བསྐྱར་ཚུགས་བྱས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

ཅང་ཅེ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་།  ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས།  ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་ཀྱི་དུས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱས་ཏེ།  ཕྱོགས་གཅིག་ནས་རིམས་འགོག་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་གོང་འཕེལ་ལ་དམ་འཛིན་བྱེད་པ་དང་།  ལས་ཀ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རྒྱུར་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས།  རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཀ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གཉིས་ཀར་དམ་འཛིན་དང་གཉིས་ཀ་འཐུས་ཤོར་མི་འགྲོ་བ་བྱེད་དགོས་པ་དང་།  རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ནས་ལས་གནས་སུ་ཕྱིར་ལོག་བྱེད་མཁན་ལ་དོ་དམ་གནད་སྨིན་བྱས་ཏེ།  ལས་མིའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པ།  ཐོན་རྫས་ཀྱི་བདེ་འཇགས་འགག་སྒོ་ནན་པོ་སྲུང་ནས་ལྷུ་ཚིགས་ཁག་གི་བཀོལ་སྤྱོད་ལས་རིམ་ཚད་ལྡན་དུ་གཏོང་བ་དང་།  བྱ་ཐབས་སྣ་མང་སྤྱད་དེ་ཐོན་རྫས་བྲིན་ཚོང་ལ་སྐུལ་འདེད་བཏང་ནས།  མང་ཚོགས་ལ་མཁོ་སྤྲོད་འདེང་ངེས་ཡོང་རྒྱུ་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]