ཏིང་གཡས་ཤན་གྱིས་ལྗོངས་ཡོངས་ཀྱི་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་སྤེལ་ཚུལ་ཐད་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས་སྔ་རྗེས་སུ་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་དང་།  རྒྱལ་ཁབ་གློག་ཀླད་དྲ་བའི་འཕྲལ་སྡོམ་ལག་རྩལ་ཐག་གཅོད་མཐུན་སྦྱོར་ལྟེ་གནས་བོད་ལྗོངས་ཡན་ལག་ལྟེ་གནས་སུ་ཕེབས་ནས།  ལྗོངས་ཡོངས་ཀྱི་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་སྤེལ་ཚུལ་ཐད་བརྟག་ཞིབ་གནང་བ་རེད།  བརྟག་ཞིབ་གནང་རིང་ཏིང་གཡས་ཤན་ནས་ལྗོངས་ཡོངས་ཀྱི་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་།  གནས་མུས་ཀྱི་དཀའ་ངལ་དང་གནད་དོན་ཐད་བཀའ་འདྲི་ནན་ཏན་གནང་ཞིང་འབྲེལ་ཡོད་གྲོས་འཆར་གསན་གནང་བ་རེད།

ཏིང་གཡས་ཤན་ནས་བོད་ལྗོངས་འདི་ཉིད་ས་བབ་མཐོ་ཞིང་གྲང་ངར་ཆེ་བ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་ས་མདུན་མར་གནས་ཡོད་པ་དང་།  དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ནི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད།  རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་ཐད་དེ་བས་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་པས།  ལྗོངས་ཡོངས་ཀྱི་དྲ་འཕྲིན་ཚན་པས་ནུས་ཤུགས་གང་ཡོད་བཏོན་ནས་དྲ་བ་དང་ཆ་འཕྲིན་གྱི་བདེ་འཇགས་སྲུང་བཅད་བརྟན་པོ་གཏོད་དགོས་པ་དང་།  དོན་དངོས་ལ་གཞི་ཚུགས་ཏེ་རང་ལྗོངས་ཀྱི་དྲ་བ་དང་ཆ་འཕྲིན་བདེ་འཇགས་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་ནན་ཏན་བྱས་ཐོག  དྲ་བ་སྲུང་སྐྱོང་དང་དོ་དམ།  བེད་སྤྱོད་བཅས་ཡག་པོ་བྱེད་དགོས་པ་དང་།  དྲ་འཕྲིན་ལས་ཀའི་ཐད་ཏང་ནས་འགོ་ཁྲིད་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ།  ཏང་ཀྲུང་དབྱང་གི་མཛད་ཇུས་ཀྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ཇི་མ་ཇི་བཞིན་བྱེད་དགོས་པ།  དྲ་བའི་ཁྲིམས་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་དྲ་འཕྲིན་ནུས་པ་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ནས་དྲ་འཕྲིན་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དགོས་པ།  གླེང་ཕྱོགས་ལ་དོ་སྣང་ཆེན་པོ་བྱེད་པ་དང་དྲ་བའི་གླེང་ཕྱོགས་ལ་ཁྲིད་སྟོན་བྱེད་པའི་དུས་ཚོད་དང་ཚད།  ཕན་འབྲས་བཅས་ལ་སྟངས་འཛིན་ཡག་པོ་བྱས་ནས་དྲ་འཕྲིན་ལས་དོན་ཏན་ཏིག་སྒྲུབ་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]