ཤེས་དཔལ་དང་བདེ་ཐང་། བདེ་འཇགས། དྲིན་ཚོར་བཅས་ཀྱི་བོད་ཀྱི་ལོ་གསར་གཏོང་དགོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ཤེས་དཔལ་དང་བདེ་ཐང་།  བདེ་འཇགས།  དྲིན་ཚོར་བཅས་ཀྱི་བོད་ཀྱི་ལོ་གསར་གཏོང་དགོས་ཅེས་པའི་དཔྱད་གཏམ་པའི་རྩོམ་ཡིག་ཞིག་སྤེལ་ཡོད། 
རྩོམ་ཡིག་ནང་དེང་སྐབས་རྒྱལ་ཡོངས་སུ་ནད་ཡམས་འགོག་ཟོན་ལ་གྲུབ་འབྲས་ངེས་ཅན་ཐོབ་ཡོད་ཀྱང་།  རང་ལྗོངས་སུ་ཕྱི་ཕྱོགས་ནས་ནད་ཡམས་མི་འགོས་པ་དང་ནང་ནས་ནད་ཡམས་མི་ཁྱབ་པ་བྱེད་པའི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་།  ད་ལོའི་བོད་ཀྱི་ལོ་གསར་རིང་ང་ཚོས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ།  མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དཀའ་ངལ་སེལ་བ།  ཕན་ཚུན་རོགས་རེས།  ས་སྲུང་འགན་སྒྲུབ་བཅས་བྱས་ནས་ཤེས་དཔལ་དང་བདེ་ཐང་།  བདེ་འཇགས།  དྲིན་ཚོར་བཅས་ཀྱི་བོད་ཀྱི་ལོ་གསར་ཞིག་གཏོང་དགོས་ཅེས་འཁོད་ཡོད།
རྩོམ་ཡིག་ནང་སྤྱི་དམངས་ཀྱི་ཀུན་སྤྱོད་ཚད་གཞི་ནན་སྲུང་བྱས་ནས་ཤེས་དཔལ་ལྡན་པའི་ལོ་གསར་ཞིག་གཏོང་དགོས་པ་དེ་ཡང་འཕྲིན་ཕྲན་དང་འཕྲིན་ཐུང་ཐོག་ནས་སྨོན་འདུན་ཞུ་བ་དང་།  བརྙན་ལམ་ཐོག་ནས་ལོ་གསར་ལ་རྟེན་འབྲེལ་ཞུ་བ།  རང་ཉིད་ལ་སྲུང་སྐྱོང་དང་གཉེན་ཉེ་དང་གྲོགས་པོར་གཅེས་སྐྱོང་བྱེད་པ།  དུས་རབས་ཀྱི་སྲོལ་གསར་དར་སྤེལ་དང་ཡ་རབས་ཀྱི་ལོ་གསར་གཏོང་བ་བཅས་ནི་ནད་ཡམས་འགོག་ཟོན་ནང་ཧུར་ཐག་ཞུགས་པ་དང་།  རྒྱལ་ཡོངས་ཀྱི་ནད་ཡམས་འགོག་ཟོན་གྱི་སྤྱི་ཡོངས་ལ་ལེགས་སྐྱེས་ཕུལ་བ་ཞིག་ཡིན་པས།  རང་ཉིད་དང་ཁྱིམ་ཚང་ནས་འགོ་བཙུགས་ཏེ་རང་འགུལ་ངང་རང་ངོས་ཀྱི་བདེ་ཐང་དང་སྤྱི་ཚོགས་ལ་འགན་འཁྲི་འཁུར་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཉེ་འགྲམ་གྱི་མི་རྣམས་ལ་ཤུགས་རྐྱེན་དང་སྐུལ་ཁྲིད་བྱས་ནས།  ཕྱར་བ་གྲུ་འདེགས་དང་ཀུན་སེམས་གཅིག་སྒྲིལ་ངང་ནད་ཡམས་འགོག་ཟོན་མཐའ་གཅིག་ཏུ་བྱེད་དགོས་པ་དང་།  འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཞིག་འཇག་པ་བྱས་ནས་བདེ་ཐང་གི་ལོ་གསར་ཞིག་གཏོང་དགོས་པ།  ང་ཚོ་ཚང་མས་བྱ་སྤྱོད་སྤེལ་ཏེ་རང་ཉིད་དང་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་ཤེས་དཔལ་དང་འཕྲོད་བསྟེན།  ཚན་རིག་བཅས་ལ་སྔར་བས་སྣང་ཆེན་བྱས་ཏེ་ནད་དུག་དང་ནད་ཡམས་འབྱུང་རྩ་ནས་མེད་པ་བཟོ་དགོས་པ།  མཉམ་འགོག་མཉམ་སྡོམ་གྱི་བྱ་ཐབས་ནན་པོ་བཟུང་སྟེ་བདེ་འཇགས་ཀྱི་ལོ་གསར་ཞིག་གཏོང་དགོས་པ།  ནད་ཡམས་ཀྱི་མདུན་དུ་ང་ཚོ་ནི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་རེད་ལ་འགན་འཁྲི་གཅིག་མཐུན་ཚོགས་པ་ཞིག་ཀྱང་ཡིན་པས།  ནད་ཡམས་འགོག་ཟོན་ནན་པོ་བྱས་ཏེ་བོད་དུ་ཕྱི་ཕྱོགས་ནས་ནད་ཡམས་མི་འགོས་པ་དང་ནང་ནས་ནད་དཔེ་དང་ཡང་ན་དོགས་ཡོད་ནད་དཔེ་གསར་པ་མི་ཐོན་པ་བྱས་ཏེ།  བོད་ལྗོངས་མི་རིགས་ཁག་གི་མི་དམངས་རྣམས་བདེ་འཇགས་ཀྱི་ལོ་གསར་ཞིག་གཏོང་ཐུབ་པ་བྱེད་རྒྱུ་ནི་རྒྱལ་ཡོངས་ཀྱི་ནད་ཡམས་འགོག་ཟོན་ལས་ཀར་སྤྱི་ཡོངས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་པ་ཞིག་རེད།  རྒྱལ་ཁབ་ལ་སེམས་ཁུར་དང་ཧུའུ་པེར་རོགས་སྐྱོར་བྱས་ནས་དྲིན་ཚོར་གྱི་ལོ་གསར་ཞིག་གཏོང་དགོས་པ་དེ་ཡང་།  ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པ་དང་།  ནུས་ཤུགས་ཡོད་རྒུས་ཧུའུ་པེར་མུ་མཐུད་རོགས་སྐྱོར་བྱེད་པ།  གངས་ལྗོངས་ས་མཐོའི་གཅེས་སེམས་དང་དངོས་ཟོག  སྟོབས་ཤུགས་བཅས་མུ་མཐུད་ཧུའུ་པེར་གཅིག་བསྡུས་བྱེད་པ།  ཧུའུ་པེའི་མི་དམངས་ལ་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ནས་མི་རིགས་ཀྱི་བརྩེ་སེམས་དང་སྤུན་ཟླའི་བརྩེ་བ་མུ་མཐུད་འཆང་བ།  སྤྱིར་བཏང་མིན་པའི་ལོ་གསར་སྐབས་ང་ཚོས་ལྷག་བསམ་རྣམ་དག་གི་སྒོ་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་།  མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་ནད་ཡམས་འགོག་ཟོན་བྱེད་པའི་བསམ་པའི་དཔལ་ཡོན་དར་བ་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་བྱས་ཡོད།
རྩོམ་ཡིག་ནང་ད་དུང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་སུ་ང་ཚོས་དཀར་གཙང་མཇལ་དར་དང་མཆོད་ཆང་སྦྲང་བརྩིའི་ཉིང་ཁུ་བཏེགས་ཏེ།  རྒྱལ་ཡོངས་མི་དམངས་རྣམས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་དབུ་ཁྲིད་འོག  གང་མགྱོགས་ནད་ཡམས་ལས་རྣམ་པར་རྒྱལ་ཐུབ་རྒྱུའི་སྨོན་འདུན་རྩེ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]