བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་མངགས་བཅོལ་ཟབ་མོ་དང་སྒུལ་ཤུགས་ཆེན་པོ་ཞེས་པའི་དཔྱད་གཏམ་པའི་རྩོམ་ཡིག་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་མངགས་བཅོལ་ཟབ་མོ་དང་སྒུལ་ཤུགས་ཆེན་པོ་ཞེས་པའི་དཔྱད་གཏམ་པའི་རྩོམ་ཡིག་སྤེལ་བ་རེད།  རྩོམ་ཡིག་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྤྲིངས་པའི་འཕྲིན་ལན་ནང་།  བྱམས་བརྩེའི་བཀའ་སློབ་དང་མངགས་བཅོལ་ཟབ་མོ་གནང་ཡོད་པ་དང་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་སྒུལ་ཤུགས་ཆེན་པོ་སྦྱིན་ཡོད་པས།  ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཏེ།  སྔོན་འགོག་ཚོད་འཛིན་དང་།  ཐོན་སྐྱེད།  བརྟན་ལྷིང་བཅས་མཉམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་ངང་སྐུལ་འདེད་བཏང་སྟེ།  དུས་རབས་གསར་པའི་བོད་་ཀྱི་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཅེས་འཁོད་ཡོད།

རྩོམ་ཡིག་ནང་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་དགོས་པ་དེ་ཡང་།  ཆབ་སྲིད་ཐད་སྔར་བས་བློ་རྩ་བརྟན་དུ་བཏང་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ནས་སྔོན་ཚུད་བཀོད་འདོམས་དང་།  འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ།  ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ནང་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་དང་ཡིག་རྒྱུགས་་ཆེ་མོའི་ནང་ཚད་ལོན་གྱི་རྒྱུགས་ཤོག་འབུལ་བ་དང་།  སྔོན་འགོག་ཚོད་འཛིན་སྔར་བས་ཚན་རིག་དང་མཐུན་པ་བྱས་ནས་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་མཉམ་འགོག་མཉམ་སྡོམ་གྱི་སྲུང་སྐྱོང་དྲ་བ་ཚགས་དམ་དུ་གཏོང་བ།  འགན་སྲུང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་འཚོ་བའི་མཁོ་ཆས་ཐོན་སྐྱེད་དང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས།  མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་འགན་སྲུང་ཏན་ཏིག་བྱེད་པ།  ཐུགས་ཁུར་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་རྒྱ་ཆེའི་སྨན་དོན་མི་སྣ་དང་འཐབ་ས་དང་པོའི་སྔོན་འགོག་ཚོད་འཛིན་མི་སྣར་གཅེས་སྐྱོང་བྱེད་པ།  སྤྱོད་ཚུལ་སྔར་བས་དམ་པ་དོན་གཉེར་ཐོག་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ།  རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་མི་དམངས་དམག་འཐབ་དང་སྤྱི་ཡོངས་དམག་འཐབ།  འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་བོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་བ་བཅས་བྱེད་དགོས་པ་དང་།  དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ཀྱི་ལས་དོན་ཁག་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས་པ་སྟེ།  དེ་ཡང་བློ་བརྟན་འགྱུར་མེད་ངང་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ།  འབྲེལ་བ་ཆ་བཅུ་གསུམ་ཡང་དག་པའི་སྒོ་ནས་ཐག་གཅོད་བྱེད་རྒྱུས་ལས་ཀའི་བྱ་ཐབས་བྱེད་པ་དང་བརྟན་པོ་དྲུག་གི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་སྟེ།  ལས་དོན་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཚགས།  དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས་པ་དང་།  རིགས་ཁག་གི་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོར་གོ་རིམ་ལྡན་པ་དང་ནུས་ལྡན་ངང་སྐུལ་འདེད་བཏང་ནས།  ལོ་འཁོར་མོའི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཏེ།  ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་ཐུབ་པ་བྱེད་དགོས་པ།  དབུལ་གྲོལ་འགག་སྒྲོལ་གྱི་སྤུས་ཚད་མཐོ་རུ་བཏང་ནས་དབུལ་ཕོངས་མང་ཚོགས་བརྟན་པོ་དང་རྒྱུན་མཐུད་ངང་དབུལ་གྲོལ་ཐུབ་པ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་།  སྐྱིད་སྣང་།  བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ།  སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་སྟེ།  དེ་ཡང་རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེངས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཐོག  ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་།  དོགས་ཟོན་ཆེར་སྐྱེད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་མཐའ་ཚད་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཐོག  འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ།  ལྷོད་གཡེང་དང་སུན་སྣང་གི་བསམ་པ་ཁྱད་བསད་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་བྱས་ཡོད།

རྩོམ་ཡིག་ནང་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དང་ཐུགས་རེ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་སྟེ།  བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་གསར་འབྱེད་གསར་གཏོད་བྱས་ནས་བོད་ཀྱི་བསྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་སྐུལ་འདེད་ཧུར་ཐག་བཏང་ནས།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་ཧུར་ཐག་རྩོམ་དགོས་ཀྱི་རེད་ཅེས་ནན་བཤད་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]