ནད་ཡམས་འགོག་བཅོས་ཀྱི་འཐབ་ས་མདུན་མར་གདོང་མཆོང་བྱེད་མཁན་སྨན་པ་ཧོང་ཝུན་ཇེ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཧུའུ་པེར་རྒྱབ་སྐྱོར་བྱེད་མཁན་དཔུང་སྡེའི་སྨན་བཅོས་རུ་ཁག་གི་རུ་མི་ཧོང་ཝུན་ཇེ་ནི་གློ་བའི་འགོས་ནད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་ཞིག་ཡིན་པ་དང་།  སྤྱི་ལོ ༢༠༠༣ ལོར་དམིགས་བསལ་གློ་ཚད་འགོག་བཅོས་ནང་ཞུགས་མྱོང་ཡོད། 
ཏོག་གསར་གློ་ཚད་ཐོན་རྗེས་ཧོང་ཝུན་ཇེ་ཡིས་དཔྱིད་གསར་དུས་ཆེན་གྱི་ཚེས་གཅིག་ཉིན་ལས་གནས་ཐོག་ཚུར་ལོག་ཡོད།  སྨན་ཁང་ནས་མི་སྣ་སྒྲིག་འཛུགས་བྱས་ནས་ཧུའུ་པེའི་རིམས་འགོག་ལ་རྒྱབ་སྐྱོར་བྱེད་རྒྱུའི་བརྡ་ཐོ་བཏང་རྗེས།  ལོ ༥༨ ལ་ཕེབས་པའི་ཧོང་ཝུན་ཇེ་ཡིས་རང་འགུལ་ངང་དེའི་ནང་ཞུགས་རྒྱུའི་རེ་ཞུ་ཡི་གེ་ཕུལ་ཡོད་ཅིང་།  ཡི་གེའི་ནང་ང་ལ་དམིགས་བསལ་གློ་ཚད་འགོག་བཅོས་ཀྱི་ཉམས་མྱོང་ཡོད་ལ་ལོ ༣༥ ཡི་འགོས་ནད་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་དེ་བས་ཀྱང་ཡོད་ཅེས་བྲིས་གནང་ཡོད། 
ལོ་བཅུ་བདུན་གོང་ཧོང་ཝུན་ཇེ་ཡིས་སྔ་རྗེས་སུ་དམིགས་བསལ་གློ་ཚད་ཕོག་མཁན་ནད་པ ༣༠༠ ལྷག་ཙམ་སྐྱོབ་བཅོས་བྱས་ཡོད་པ་དང་དྲག་སྐྱེད་བྱུང་ཚད་བརྒྱ་ཆ ༩༠ ཟིན་ཡོད།  ལོ་བཅུ་བདུན་གྱི་རྗེས་ཁོང་ཧོ་ཧྲེན་ཧྲན་སྨན་ཁང་དུ་ཏོག་གསར་གློ་ཚད་ནད་ཡམས་འགོག་བཅོས་ནང་ཞུགས་པ་རེད། 
ཧོང་ཝུན་ཇེ་ཡིས་ཕན་ནུས་ཆེ་བའི་སྨན་མ་ཐོན་གོང་སྨན་པའི་འགན་འཁྲི་གཙོ་བོ་ནི་ནད་བསྟུན་སྨན་བཅོས་བྱས་ཏེ་ནད་པའི་གཟུགས་གཞི་རྒྱུན་ལྡན་ལྟར་འཁོར་རྒྱུག་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་པ་བྱས་ཏེ།  ནད་པས་རང་ཉིད་ཀྱི་རིམས་འགོག་ནུས་ཤུགས་བརྒྱུད་ནད་དུག་སེལ་ཐུབ་པ་བྱེད་རྒྱུ་དེ་རེད།  སྨན་བཅོས་བྱེད་པར་ནད་པའི་རྨང་གཞིའི་ནད་གཞི་དང་བརྙན་པར་རིག་པའི་མངོན་ཚུལ།  ཚོད་ལྟ་ཁང་གི་བརྟག་དཔྱད་བྱས་འབྲས།  དེ་བཞིན་ནད་ཐོག་སྨན་བཅོས་ཀྱི་མངོན་ཚུལ་བཅས་ལ་ཕྱོགས་བསྡུས་ནད་བརྟག་དཔྱད་དེ་སྨན་བཅོས་བྱེད་དགོས་པའི་ངོས་འཛིན་གནང་གི་ཡོད།

ཧོང་ཝུན་ཇེ་ནས་ང་ཚོས་སྨན་བཅོས་གནད་འཕིགས་དང་རིགས་དབྱེ་སྐྱོབ་བཅོས་ཀྱི་བྱ་ཐབས་བཟུང་ནས།  ནད་གཞི་ཧང་ཅང་ལྕི་བ་དང་ནད་གཞི་ལྕི་བའི་ནད་པ་སྐྱོབ་བཅོས་ཡག་པོ་བྱས་ཏེ།  ནད་པ་ཤི་ཚད་ཉུང་དུ་དང་སྲོག་སྐྱོབ་ཚད་མཐོ་རུ་གཏོང་གི་ཡོད་ཅེས་གསུངས། 
ཧོང་ཝུན་ཇེ་ནི་ཧོ་ཧྲེན་ཧྲན་སྨན་ཁང་གི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་ཞིག་ཡིན་པ་དང་།  ཁྱོན་ནད་པ་བརྒྱ་ལྷག་ཙམ་ལ་སྨན་བཅོས་བྱས་པའི་ནང་ནད་གཞི་ལྕི་པོ་ཕོག་མཁན་ཉི་ཤུ་ལྷག་ཙམ་ཡོད།  དེང་སྐབས་ནད་བརྟག་སྨན་བཅོས་བརྒྱུད་སྨན་ཁང་ནས་དོན་མཁན་མི ༢༣ ཟིན་པ་རེད། 
ཧོང་ཝུན་ཇེ་ཡིས་སྨན་པ་ཞིག་གི་ངོས་ནས་ཆོད་སེམས་བརྟན་པོས་འགན་འཁྲི་འཁུར་ཕོད་པ་བྱས་ཏེ།  ནད་ཡམས་ཚབས་ཆེན་གྱི་མདུན་དུ་གདོང་མཆོང་བྱེད་ཕོད་པ་བྱེད་དགོས་ཅེས་གསུངས།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]