རང་ལྗོངས་ཀྱིས་གཅིག་བྱས་པ་བརྒྱད་ཀྱི་བྱ་ཐབས་བཟུང་སྟེ་ཕྱི་ཕྱོགས་ནས་ནད་ཡམས་འགོས་ཁྱབ་ཡོང་བའི་ཉེན་ཁ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཆུང་དུ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དུས་ཆེན་རྗེས་སུ་བོད་དུ་ལོག་མཁན་མང་དུ་འགྲོ་བར་དམིགས་ནས་རང་ལྗོངས་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས།  ལྗོངས་ཡོངས་སུ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་དང་རིམ་ཁག་ཚན་པ་ཁག་དང་མཐུན་སྦྱོར་བརྒྱུད།  ནད་ཡམས་སྔོན་འགོག་ཚོད་འཛིན་གནད་ལ་འཕིགས་པ་བྱ་ཆེད་གཅིག་བྱས་པ་བརྒྱད་ཀྱི་བྱ་ཐབས་བཟུང་སྟེ།  ཕྱི་ཕྱོགས་ནས་ནད་ཡམས་འགོས་ཁྱབ་ཡོང་བའི་ཉེན་ཁ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཆུང་དུ་བཏང་ཡོད།

རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་གནང་བར་གཞིགས་ན།  ནད་ཡམས་སྔོན་འགོག་ཚོད་འཛིན་གནད་ལ་འཕིགས་པ་བྱ་ཆེད་གཅིག་བྱས་པ་བརྒྱད་ཀྱི་བྱ་ཐབས་ནང་།  གསལ་རྟོགས་ཡི་གེ་གཅིག་སྟེ་ཞིབ་བཤེར་བྱེད་གནས་ཁག་གིས་ཕྱི་ཕྱོགས་ནས་ཡོང་མཁན་མི་སྣའི་ཆ་འཕྲིན་ཞིབ་ཕྲ་ཐོ་བཀོད་དགོངས་པ་དང་།  ཁྱིམ་སྡོད་དང་མགྲོན་ཁང་དུ་ལོགས་བཀར་འཇོག་པའི་གསལ་རྟོགས་ཡི་གེར་མིང་རྟགས་བཀོད་དེ་རིགས་དབྱེ་ལོགས་བཀར་བྱེད་པ།  དྲིལ་བསྒྲགས་ཤོག་བྱང་གཅིག་སྟེ་ཏོག་གསར་གློ་ཚད་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་ཤོག་བྱང་པར་འགྲེམས་བྱས་ནས།  ལོགས་བཀར་མི་སྣ་སྡོད་སར་སྔོན་ལ་བསྐྱལ་ཏེ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཁྱབ་གདལ་གཏོང་བ།  ཁེར་རྐྱང་གི་ཁང་པ་གཅིག་སྟེ་ལོགས་བཀར་མི་སྣ་སྡོད་སར་དུག་སེལ་ནན་པོ་བྱེད་པ་དང་མི་རེར་ཁང་པ་རེའི་བྱ་ཐབས་ལག་བསྟར་བྱེད་པ་མ་ཟད།  ལོགས་བཀར་མི་སྣར་ཁ་རས་ཀྱང་སྤྲོད་པ་དང་ལོགས་བཀར་མི་སྣ་དང་མི་གཞན་འབྲེལ་བ་ཟབ་མོ་བྱེད་དུ་མི་འཇུག་པ།  ཚ་བ་བརྟག་དཔྱད་རེའུ་མིག་གཅིག་སྟེ་ཉིན་རེའི་ཚ་བའི་ཨང་གྲངས་སྙན་ཞུའི་ལམ་ལུགས་ལག་བསྟར་བྱས་ནས་དུས་ཐོག་ཏུ་ཚ་བའི་གནས་ཚུལ་འཕྲོད་བསྟེན་བདེ་ཐང་ཚན་པར་ལན་སྤྲོད་བྱེད་པ།  ནད་བསྟེན་ཞབས་ཞུའི་ཁ་པར་གཅིག་སྟེ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ཆེད་སྤྱོད་ཞབས་ཞུའི་ཁ་པར་ཡོངས་བསྒྲགས་བྱས་ནས།  ལོགས་བཀར་མི་སྣས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་གནད་དོན་བློ་འདྲི་བྱེད་ཆོག་པ་དང་སྦྲགས་ཚ་བ་རྒྱས་པ་དང་སྐམ་གློ་རྒྱག་པ།  དབུགས་གཏོང་དཀའ་བ།  གྲོད་པ་བཤལ་བ་སོགས་དམིགས་བསལ་གནས་ཚུལ་ཐོན་ཚེ་དུས་ཐོག་ཏུ་ནད་བསྟེན་ཞབས་ཞུའི་ཁ་པར་རྒྱག་ཆོག་པ།  འཚོ་བའི་ཚལ་ཐོ་གཅིག་སྟེ་ལོགས་བཀར་མི་སྣར་ལྟོ་ཆས་སྐྱེལ་བ་དང་ཚབ་ཉོ་སོགས་ཀྱི་འཚོ་བའི་ཞབས་ཞུ་སྒྲུབ་པ།  ཆེད་སྤྱོད་གད་སྙིགས་བླུགས་སྣོད་གཅིག་སྟེ་ལོགས་བཀར་མི་སྣས་སྤྱོད་མྱོང་བའི་ཁ་རས་སོགས་འཚོ་བའི་གད་སྙིགས་དམིགས་འཛུགས་གནས་སུ་འཇོག་དགོངས་པ་དང་ཆེད་དོན་ཚན་པས་ཐག་གཅོད་ཚད་ལྡན་བྱེད་པ།  ལོགས་བཀར་དུས་ཡུན་གཙང་པའི་དཔང་ཡིག་གཅིག་སྟེ་ལོགས་བཀར་བྱེད་ཡུན་གཙང་རྗེས་ལོགས་བཀར་མི་སྣའི་གཟུགས་གཞི་བདེ་ཐང་ལ་ཚོད་སྐོར་བྱས་ནས།  ལོགས་བཀར་བྱེད་ཡུན་གཙང་པའི་དཔང་ཡིག་ཐོབ་རྗེས་ལོགས་བཀར་བྱེད་མི་དགོས་པ་བཅས་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]