རང་ལྗོངས་ཀྱིས་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ལས་དོན་བཀོད་སྒྲིག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༥ ཉིན།  རྒྱལ་ཡོངས་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་གྱིས་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད། 
ཚོགས་འདུའི་ཐོག་གྲོང་གསེབ་ཏུ་ནད་ཡམས་སྔོན་འགོག་ཚོད་འཛིན་དང་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ཐད་གཅིག་གྱུར་འཆར་འགོད་ངང་དམ་འཛིན་ཡག་པོ་བྱེད་པ་དང་།  ཞིང་ལས་ཐོན་སྐྱེད་ཀྱི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་བྱེད་པ།  དཔྱིད་འདེབས་ཐོན་སྐྱེད་ལ་ཚད་བཀག་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་རྒྱུར་དམ་འཛིན་བྱེད་པ།  དཔྱིད་འདེབས་རྒྱ་ཁྱོན་བརྟན་པོ་ཡོང་བ་བྱས་ཏེ་དབྱར་དུས་ཀྱི་འབྲུ་རིགས་ཐོན་སྐྱེད་ལས་དོན་ལེགས་སྒྲུབ་ཐུབ་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད། 
ཚོགས་འདུ་གྲོལ་རྗེས་རྒྱལ་མཚན་ནས་ས་གནས་དང་ཚན་པ་ཁག་གིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་དགོས་པའི་ནན་གསུངས་གནང་བ་དང་སྦྲགས།  རང་སྐྱོང་ལྗོངས་ནས་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་དཔྱིད་དུས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པ།  ཞིང་འབྲོག་ལས་ཀྱི་ཚན་རྩལ་ཞབས་ཞུ་ཡག་པོ་སྒྲུབ་པ་སོགས་ཀྱི་ཐད་ཉེ་དུས་བཀོད་སྒྲིག་བྱེད་རྒྱུ་རེད་ཅེས་གསུངས།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]