སྤེན་པ་བཀྲ་ཤིས་ཀྱིས་ནད་ཡམས་འགོག་ཟོན་ཁྲོད་གསར་འགྱུར་གླེང་ཕྱོགས་ལས་ཀའི་ཕན་ནུས་ཆེ་རུ་གཏོང་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༦ ཉིན།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་སུ་ནད་ཡམས་སྔོན་འགོག་ཚོད་འཛིན་དྲིལ་བསྒྲགས་ལས་ཀའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ།  ཏོག་གསར་གློ་ཚད་ནད་ཡམས་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལས་ཀར་གཅིག་གྱུར་འཆར་འགོད་ངང་སྐུལ་འདེད་གཏོང་བའི་བཀོད་སྒྲིག་ཚོགས་དུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནད་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།  ནད་ཡམས་སྔོན་འགོག་ཚོད་འཛིན་སྐོར་གྱི་ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་འབྲེལ་ཡོད་བླང་བྱ་རྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད།  
སྤེན་པ་བཀྲ་ཤིས་ཀྱིས་དེང་སྐབས་ཏོག་གསར་གློ་ཚད་ནད་ཡམས་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པས།  ནད་ཡམས་སྔོན་འགོག་ཚོད་འཛིན་ཐད་ཏང་ཀྲུང་དབྱང་གི་བྱ་ཐབས་གལ་ཆེན་དང་།  ནད་ཡམས་སྔོན་འགོག་ཚོད་འཛིན་ཐད་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱ་ཐབས་བླང་བྱ།  ནད་ཡམས་སྔོན་འགོག་ལས་དོན་ཁྲོད་ཐོན་པའི་སྔོན་ཐོན་པ་དང་མི་སེམས་འགུལ་བའི་བྱས་རྗེས་བཅས་དྲིལ་བསྒྲགས་ཤུགས་ཆེ་བྱས་ནས།  གསར་འགྱུར་གླེང་ཕྱོགས་ལས་ཀའི་ཕན་ནུས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]