ཆབ་མདོས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྒྲུབ་ནས་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བརྟན་ལྷིང་ཐད་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཆབ་མདོ་གྲོང་ཁྱེར་གྱིས་ཁྲོམ་རའི་དངོས་ཟོག་གི་འགན་ལེན་བརྒྱད་དང་བརྟན་ལྷིང་གཅིག་གི་ལས་དོན་དང་།  ཁེ་ལས་ཀྱི་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོའི་འབྲེལ་ཡོད་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ཆབ་མདོའི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བརྟན་ལྷིང་ཐད་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ཟླ ༣ པའི་ཚེས ༡༩ ཉིན་བར་གྲོང་ཁྱེར་དེ་ཡོངས་ཀྱིས་འབྲུ་རིགས་ཀྲོན ༤༥༢༤ དང་།  བཟའ་སྣུམ་ཀྲོན ༥༡༤  མར་ཀྲོན ༤༠  ཕག་ཤ་ཀྲོན ༢༡༥  ཚགས་ཤ་ཀྲོན ༣༨༦ བཅས་གྲབས་གསོག་བྱས་ནས་ཁྲོམ་རའི་མཁོ་བྱེད་གྲ་སྒྲིག་འདེངས་ངེས་བྱས་ཡོད།

ཆབ་མདོ་གྲོང་ཁྱེར་གྱིས་ཁེ་ལས་ཀྱི་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོའི་འབྲེལ་ཡོད་ལས་དོན་ནན་ཏན་ངང་སྤེལ་ནས།  སྤྱི་ལོ ༢༠༢༠ ལོར་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས ༩༣ དང་ཡན་ལག་རྣམ་གྲངས ༢༦༤ བཀོད་སྒྲིག་བྱས་པ་དང་།  ལོ་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར ༢༡༠ གཏོང་རྩིས་ཡོད་པ་དང་།  སྤྱི་ཟླ ༣ པའི་ཚེས ༢༠ ཉིན་བར།  གྲོང་ཁྱེར་དེ་ཡོངས་ཀྱིས་ཡན་ལག་རྣམ་གྲངས ༡༤༥ ཡི་ལས་ཀ་བསྐྱར་ཚུགས་བྱས་ཏེ་ལས་ཀ་བསྐྱར་ཚུགས་དང་གསར་དུ་འགོ་ཚུགས་ཚད་ཁྱོན་བརྒྱ་ཆ ༥༥ ཟིན་གྱི་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]