ལོ་ལྔ་ཚན་བཅུ་གསུམ་རིང་ནག་ཆུ་གྲོང་ཁྱེར་གྱི་ཆུ་བེད་ལས་གཞིར་སྒོར་དུང་ཕྱུར༣༠ལྷག་ཙམ་མ་འཇོག་བྱས་ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལོ་ལྔ་ཚན་བཅུ་གསུམ་པའི་རིང་།  རྒྱལ་ཁབ་ཆུ་བེད་པུའུ་དང་རང་སྐྱོང་ལྗོངས་ཀྱི་དམིགས་བསལ་རྒྱབ་སྐྱོར་འོག་ནག་ཆུ་གྲོང་ཁྱེར་དུ་ཆུ་བེད་ཐད་མ་འཇོག་བྱེད་ཚད་སྔོན་མ་ལས་འཕར་སྣོན་བྱུང་སྟེ།  མ་འཇོག་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་ནས་མགྱོགས་མྱུར་གོང་འཕེལ་འགྲོ་བའི་དུས་སྐབས་སུ་སླེབས་ཡོད།
ད་བར།  ནག་ཆུ་གྲོང་ཁྱེར་གྱི་ཆུ་བེད་ཐད་སྒོར་དུང་ཕྱུར ༣༠.༡ ལྷག་ཙམ་བཏང་ཟིན་པ་དེ་ནི་ལོ་ལྔ་ཚན་བཅུ་གཉིས་པའི་རིང་ཆུ་བེད་མ་འཇོག་སྤྱི་འབོར་གྱི་ལྡབ ༢.༣ ཟིན་པ་དང་།  གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་དང་འབྲོག་ཁུལ་གྱི་ཆུ་བེད།  ཆུའི་སྐྱེ་ཁམས་ཤེས་དཔལ་གྱི་ས་ཆུ་སྲུང་འཛིན་གྱི་སྐྱེ་ཁམས་སླར་གསོའི་ལས་གཞི་སོགས་མང་ཚོགས་ཀྱིས་དོ་ཁུར་ཆེ་་དང་ཁོང་ཚོ་དང་ཐད་ཀར་འབྲེལ་བ་ཡོད་པ།  འཕྲལ་མཁོ་ཆེ་ཤོས་བཅས་ཀྱི་ཆུ་བེད་གནད་དོན་ཁག་ཅིག་ལག་བསྟར་བྱས་ཡོད།
ནག་ཆུ་གྲོང་ཁྱེར་གྱིས་མ་འཇོག་བྱེད་མང་ཤོས་ཀྱི་ཆུ་བེད་ལས་གཞི་མི་ཕམ་ཐང་ཆུ་མཛོད་དེར་སྤྱི་ཟླ་གཉིས་པའི་ཚེས ༦ ཉིན་རྣམ་གྲངས་ལག་བསྟར་ཆོག་པའི་ཞིབ་འཇུག་སྙན་ཞུར་རང་སྐྱོང་ལྗོངས་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མཆན་འགོད་བཀའ་ལན་ཐོབ་ཡོད་པ་དང་།  དེ་ནི་རང་ལྗོངས་ཀྱི་ཆུ་མཛོད་འབྲིང་གྲས་ལྔའི་ནང་གི་མཆན་འགོད་བཀའ་ལན་ཐོབ་པའི་རྣམ་གྲངས་དང་པོ་དེ་ཡིན་པས།  ནག་ཆུ་གྲོང་ཁྱེར་གྱི་ཆུ་བེད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་རྨང་གཞི་བཟང་པོ་བཏིང་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]