ཆེ་དགྲ་ལྷས་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་སྐོང་ཚོགས་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་སྐོང་ཚོགས་གནང་བ་དང་།  ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མཆན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་།  ལག་བསྟར།  དོན་འཁྱོལ་བཅས་བྱས་པ་མ་ཟད།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཆེ་མོ་ཐེངས་དྲུག་པའི་ནང་ཤེས་རྟོགས་ཐུབ་པའི་གནད་དོན་རང་བཤེར་བཅོས་སྒྲིག་དང་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན།  གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཁ་གསབ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས་པ་རེད།

ཚོགས་འདུའི་ཐོག  རང་ལྗོངས་ཚན་རྩལ་ཁྱབ་ཁོངས་ཀྱི་རང་སྐྱོང་ལྗོངས་དང་གྲོང་ཁྱེར༼ས་ཁུལ༽གྱི་ནོར་སྲིད་འགན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་བའི་བསྒྱུར་བཅོས་ཇུས་གཞིར་ཞིབ་འཇུག་བྱས་པ་དང་སྦྲགས།  བློ་བརྟན་འགྱུར་མེད་ངང་གསར་གཏོད་འདེགས་སྐུལ་གྱི་གོང་འཕེལ་ཐབས་ཇུས་ལག་བསྟར་བྱེད་པ་དང་ཚན་རྩལ་ཐད་ནོར་སྲིད་ཀྱི་གཏོང་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ།  ཁེ་ལས་དང་སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་ཀྱི་ཧུར་སེམས་དང་རང་འགུལ་རང་བཞིན་སྐོང་འཐེན་གང་ལེགས་བྱས་ནས།  ཁེ་ལས་དང་སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཚན་རྩལ་ཐད་གཏོང་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག  གྲོང་གསེབ་ཀྱི་འགྲུལ་སྐྱེལ་སྤྱི་པའི་ནོར་སྲིད་ཁ་གསབ་ལམ་སྲོལ་འཛུགས་རྒྱུ་ནི་གྲོང་གསེབ་འགྲུལ་སྐྱེལ་གོང་འཕེལ་བྱེད་མགྱོགས་སུ་བཏང་སྟེ།  ལེགས་པོ་བཞི་ལྡན་གྱི་གྲོང་གསེབ་གཞུང་ལམ་སྐྱེལ་འདྲེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་པས།  ཁ་གསབ་སྙོམ་སྒྲིག་བརྒྱུད་འབྲེལ་ཡོད་བྱེད་པོ་སྐུལ་སློང་བྱས་ཏེ་གྲོང་གསེབ་འགྲུལ་སྐྱེལ་གྱི་ཧུར་སེམས་འཕེལ་བ་བྱས་ནས།  ཞིང་འབྲོག་མང་ཚོགས་ཀྱི་བདེ་འཇགས་དང་སྟབས་བདེ།  གྲོན་ཆུང་བཅས་ཀྱི་འགྲུལ་བཞུད་འགན་ལེན་བྱེད་དགོས་པ་དང་།  གྲོང་གསེབ་འགྲུལ་སྐྱེལ་རླངས་འཁོར་དང་རྫོང་དང་ཤང་༼གྲོང་རྡལ༽གི་འགྲུལ་སྐྱེལ་འབབ་ཚུགས་ལ་བརྟེན་ནས།  གྲོང་གསེབ་ཀྱི་ཟོག་འགྲེམས་དང་སྦྲག་ཟམ་གཞི་གཅིག་ཅན་གྱི་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད་རྒྱབ་སྐྱོར་བྱེད་དགོས་པའི་མཛུབ་སྟོན་བྱས་ཡོད།

ཚོགས་འདུའི་ཐོག  དངུལ་རྩའི་ཁྲལ་འབབ་སོགས་ཀྱི་སྲིད་ཇུས་སྔར་བས་དོན་འཁྱོལ་ཡག་པོ་བྱེད་པ་དང་ལྷག་པར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་ཏེ།  ཐོན་ལས་གོང་འཕེལ་གྱི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་དང་འབྲོག་ལས་སོགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས།  མང་ཚོགས་འབབ་འཕར་ཡོང་བ་བྱེད་དགོས་པ་དང་།  གཙོ་གནད་རྣམ་གྲངས་སྤུས་འབོར་གཉིས་ལྡན་ཡོང་རྒྱུར་དུས་བཀག་ལྟར་སྐུལ་འདེད་བཏང་སྟེ་ལོ་འཁོར་མོའི་དཔལ་འབྱོར་གོང་འཕེལ་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས་པ།  སྲིད་དོན་ཞབས་ཞུ་དང་རིག་ནུས་སློབ་གསོ།  རིག་ནུས་སྨན་བཅོས།  འཕྲལ་སྡོམ་རོགས་སྐྱོར་སོགས་ཁྱབ་ཁོངས་ཀྱི G༥ཡི་མཉམ་འདྲེས་བེད་སྤྱོད་ལ་བདེ་འཇགས་ལྡན་པའི་ངང་སྐུལ་འདེད་བཏང་སྟེ།  མི་རིགས་ཁག་གི་མང་ཚོགས་ཚོའི་ཐོབ་སྣང་དང་སྐྱིད་སྣང་།  བདེ་སྣང་བཅས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།

ཚོགས་འདུའི་ཐོག  ད་དུང་བཟོ་ཚོང་ལྷན་ཚོགས་ཁོངས་གཏོགས་ཀྱི་ཚོང་འདུས་བསྒྱུར་བཅོས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་དེ་མིན་བྱ་བར་ཞིབ་འཇུག་བྱས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]