རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་ཚོགས།

ཡོང་ཁུངས།   ཤིན་ཧྭ་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

 
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་སྤྱི་ཚེས ༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་རེད།  རྒྱལ་ཡོངས་ཀྱི་ས་ཕྱོགས་ཁག་ནས་ཕེབས་པའི་འཐུས་མི་ཚོས་བློ་སྟོབས་ཆེར་སྐྱེས་ངང་ཚོགས་འདུར་ཞུགས་པ་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལིའི་ཁེ་ཆང་ནས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གཟབ་ནན་ངང་གསན་པ་རེད།
ཚོགས་འདུའི་ཐོག་ད་དུང་སྤྱི་ལོ ༢༠༡༨ ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སྐོར་གྱི་འཆར་འགོད་ལག་བསྟར་བྱས་ཚུལ་དང་སྤྱི་ལོ ༢༠༡༩ ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་འཆར་ཟིན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ་དང་།  སྤྱི་ལོ ༢༠༡༨ ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་སྤྱི་ལོ ༢༠༡༩ ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུར་གྲོས་ཞིབ་གནང་བ་རེད།།


རྒྱལ་ཡོངས་ཀྱི་ས་ཕྱོགས་ཁག་ནས་ཕེབས་པའི་འཐུས་མི་ཚོས་བློ་སྟོབས་ཆེར་སྐྱེས་ངང་ཚོགས་འདུར་ཞུགས།
  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]