སྤྱི་ལོ༢༠༡༩ལོའི་ཟླ་དང་པོ་ནས་གཉིས་པའི་བར་རང་རྒྱལ་གྱི་ནོར་སྲིད་ཡོང་འབབ་དུས་མཚུངས་ལས་བརྒྱ་ཆ༧འཕར།

ཡོང་ཁུངས།   ཤིན་ཧྭ་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ཁབ་ནོར་སྲིད་པུས་ཉེ་དུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན།  སྤྱི་ལོ ༢༠༡༩ ལོའི་ཟླ་དང་པོ་ནས་གཉིས་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར ༣༩༡༠༤ ཟིན་ཏེ་དུས་མཚུངས་ལས་བརྒྱ་ཆ ༧ འཕར་བ་དང་།  ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར ༡༩༤༡༥ ཟིན་ཏེ་དུས་མཚུངས་ལས་བརྒྱ་ཆ ༦.༦ འཕར་བ།  ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར ༡༩༦༨༩ ཟིན་ཏེ་དུས་མཚུངས་ལས་བརྒྱ་ཆ ༧.༤ འཕར་བ།  རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཁྲོད་ཁྲལ་གྱི་ཡོང་འབབ་སྒོར་དུང་ཕྱུར ༣༥༡༡༤ ཟིན་ཏེ་དུས་མཚུངས་ལས་བརྒྱ་ཆ ༦.༦ འཕར་བ།  ཁྲལ་མིན་པའི་ཡོང་འབབ་སྒོར་དུང་ཕྱུར ༣༩༩༠ ཟིན་ཏེ་དུས་མཚུངས་ལས་བརྒྱ་ཆ ༡༠.༨ འཕར་ཡོད།
རྒྱལ་ནང་གི་འཕར་ཁྲལ་སྒོར་དུང་ཕྱུར ༡༤༤༡༤ ཟིན་ཏེ་དུས་མཚུངས་ལས་བརྒྱ་ཆ ༡༡.༣ འཕར་བ།  འཛད་སྤྱོད་དཔྱ་ཁྲལ་སྒོར་དུང་ཕྱུར ༣༧༢༠ ཟིན་ཏེ་དུས་མཚུངས་ལས་བརྒྱ་ཆ ༢༦.༧ འཕར་བ།  ཁེ་ལས་ཀྱི་ཐོབ་ཁྲལ་སྒོར་དུང་ཕྱུར ༨༢༡༣ ཟིན་ཏེ་དུས་མཚུངས་ལས་བརྒྱ་ཆ ༡༠ འཕར་བ།  མི་སྒེར་གྱི་ཐོབ་ཁྲལ་སྒོར་དུང་ཕྱུར ༢༣༢༦ ཟིན་ཏེ་དུས་མཚུངས་ལས་བརྒྱ་ཆ ༡༨༡ ཆགས་པ།  ནང་འདྲེན་དངོས་ཟོག་གི་འཕར་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ་སྒོར་དུང་ཕྱུར ༢༩༤༦ ཟིན་ཏེ་དུས་མཚུངས་ལས་བརྒྱ་ཆ ༤.༥ འཕར་བ།  འགག་སྒོའི་དཔྱ་ཁྲལ་སྒོར་དུང་ཕྱུར ༢༤༧ ཟིན་ཏེ་དུས་མཚུངས་ལས་བརྒྱ་ཆ ༣.༩ ཆགས་པ་བཅས་རེད།།
  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]