ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་གྱི་རེས་འཁོར་གཉིས་པའི་ལས་དོན་འགོ་ཚུགས།

ཡོང་ཁུངས།   ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བཞི་པའི་ཚེས ༡ ཉིན་ནས་ཚེས ༡༠ ཉིན་བར།  ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཐན་ཅིན་དང་ཧུ་ནན།  ཤིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས།  གྲོང་ཁྱེར་བཅས་བཅུ་གཅིག་བཅས་སུ་ལས་དོན་སྤེལ་བས།  ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་གྱི་རེས་འཁོར་གཉིས་པའི་ལྟ་སྐུལ་ལས་དོན་དངོས་སུ་འགོ་ཚུགས་ཡོད།
ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ཆབ་སྲིད་ཀྱི་གནས་ཚད་ཐོག་གཅིག་བསྡུས་དང་འགན་འཁྲི་ཤུགས་ཆེར་གཏོང་རྒྱུར་སྐུལ་འདེད་བཏང་སྟེ།  ནུས་ལྡན་གྱི་བྱ་སྤྱོད་ཐོག་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་དང་།  གྱོད་གཞི་བདག་སྤྲོད་བྱ་རྒྱུར་གཅིག་བསྡུས་དང་ས་གནས་ཁག་ནས་བཅའ་ཁྲིམས་སྲིད་ཇུས་ཁོང་དུ་ཆུད་རྒྱུར་སྐུལ་འདེད་བཏང་སྟེ།  ཁྲིམས་ལྟར་གྱོད་གཞི་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་དང་གྱོད་གཞི་ཆེ་གྲས་ཁག་མྱུལ་ཞིབ་ཐག་གཅོད་བྱེད་པ་བཅས་བྱས་ནས་ནག་ཚོགས་སྟོབས་ཤུགས་ཀྱི་དཔལ་འབྱོར་རྨང་གཞི་རྩ་བརླག་གཏོང་བྱས་ཐོག་ནག་ཚོགས་སྟོབས་ཤུགས་ཀྱི་འབྱུང་ཁུངས་གཙང་སེལ་བྱེད་དགོས་པ་དང་།  ཆེད་དོན་འཐབ་རྩོད་ཀྱིས་སྣེ་ཁྲིད་དང་ས་གནས་ཁག་གི་འབྲེལ་ཡོད་ཚན་པས་བརྟན་ལྷིང་ཞེས་པའི་གནས་བབ་ཆེན་མོར་གཞིགས་རྒྱུར་སྐུལ་འདེད་བཏང་སྟེ།  ས་ཁོངས་གཅིག་གི་དུས་བདེ་ཞི་འཇགས་ལ་སྲུང་སྐྱོང་བྱེད་དགོས་པའི་
བླང་བྱ་བཏོན་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]