སྤྱི་ཟླ་བཞི་པར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་བརྟན་པོའི་ངང་འཕར།

ཡོང་ཁུངས།   ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གསར་འགོད་པཉེ་དུས་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ཟླ་བཞི་པར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་ཁྲི་ཚོ ༢༠༥.༢ ཟིན་པ་དང་བྲིན་ཚོང་བྱེད་ཚད་ཁྲི་ཚོ ༡༩༨.༠༥ ཟིན་ནས་དུས་མཚུངས་པ་ལས་བརྒྱ་ཆ ༡༤.༤༥ དང་བརྒྱ་ཆ ༡༤.༦༡ ཆག་ཡོད།  དེའི་ཁྲོདནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་བརྟན་པོའི་ངང་འཕར་ཏེ།  ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་ཁག་སོ་སོར་ཁྲི ༡༠.༡༦ དང་ཁྲི ༩.༦༨ ཟིན་ནས་དུས་མཚུངས་པ་ལས་བརྒྱ་ཆ ༢༥.༠༣ དང་བརྒྱ་ཆ ༡༨.༡༥ འཕར་ཡོད།
ཀྲུང་གོ་རླངས་འཁོར་མཐུན་ཚོགས་ཀྱི་གྲངས་གཞི་ལསམངོན་གསལ།  སྤྱི་ཟླ་དང་པོ་ནས་སྤྱི་ཟླ་བཞི་པའི་བར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་ཁྲི་ཚོ ༨༣༨.༨༦ ཟིན་པ་དང་བྲིན་ཚོང་བྱེད་ཚད་ཁྲི ༨༣༥.༣༣ ཟིན་ནས་དུས་མཚུངས་པ་ལས་བརྒྱ་ཆ ༡༠.༩༨ དང་བརྒྱ་ཆ ༡༢.༡༢ ཆག་ཡོད།
སྤྱི་ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་དུས་ཚིགས་དང་པོ་ལས་ཅུང་འཕར་ཏེ།  སྤྱི་ཟླ་དང་པོ་ནས་སྤྱི་ཟླ་བཞི་པ་བར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་ཁྲི་ཚོ ༣༦.༧༦ ཟིན་པ་དང་བྲིན་ཚོང་བྱེད་ཚད་ཁྲི ༣༦ ཟིན་ནས་དུས་མཚུངས་པ་ལས་བརྒྱ་ཆ ༥༨.༤༧ དང་བརྒྱ་ཆ ༥༩.༧༩ འཕར་ཡོད

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]