您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཉེ་དུས། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཕྱི་ཕྱོགས་ལ་ཡོངས་བསྒྲགས་བྱས་པའི་ཞིང་པ་ལས་མིར་ལྟ་ཞིབ་ཚད་ལེན་གྱི་སྤྱི་ལོ ༢༠༡༨ ལོའི་བརྟག་དཔྱད་སྙན་ཞུ་ལས་མངོན་པར་གཞིགས་ན། སྤྱི་ལོ ༢༠༡༨ ལོར་རང་རྒྱལ་གྱི་ཞིང་པ་ལས་མིའི་བསྡོམས་འབོར་དུང་ཕྱུར ༢.༨༨༣༦ ཟིན་པ་དང་། ཞིང་པ་ལས་མིའི་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར ༣༧༢༡ ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆ ༦.༨ འཕར་བས། ཞིང་པ་ལས་མིའི་ཟླ་རེའི་ཆ་སྙོམས་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།།